དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡི་རྩིས་ནུས་ཁྲོམ་ར་ཅན་དུ་འགྱུར་ཚད་90%ལྷག་ཙམ་ཟིན་པ།

    2025ལོར་རྩིས་ནུས་གཉེར་སྐྱོང་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་824ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-26

    ཉིན་ཤས་གོང་། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་རྒྱལ་ཁབ(ཀུའེ་ཀྲོའུ)ཀྱི་ལྟེ་བའི་ལྷུ་ཚིགས་ཀྱི་རྩིས་ནུས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀུའེ་ཀྲོའུ་རུ་སྐྲུན་བཞིན་པ་དང་སྤྱོད་བཞིན་པའི་གཙོ་གནད་གཞི་གྲངས་ལྟེ་གནས་50ཟིན་པ་དང་། རྩིས་ནུས་ཀྱི་གཞི་ཁྱོན་160EFLOPS(སྐར་ཆ་རེར་རྩིས་ནུས་ཐེངས་དུང་ཕྱུར་བྱས་པ་དུང་ཕྱུར་བརྒྱ་གཞིར་བཟུང)ཟིན་པ། གཞི་གྲངས་ལྟེ་གནས་ཀྱི་ཚད་ལྡན་འཕྲུལ་སྒྲོམ་ཁྲི་32ཟིན་པ། སྒྲོམ་སྟེང་དུ་ཞུགས་ཚད་73%བར་མང་དུ་ཕྱིན་པ། ཕྱོགས་བསྡུས་རྩིས་ནུས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོའི་ངང་སླེབས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱིས“ཤར་གྲངས་ནུབ་རྩིས”འདུ་འགོད་ལག་བསྟར་བྱས་པ་དང་ཀུའེ་ཀྲོའུ་འདི་ཉིད་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་རྒྱལ་ཁབ་ཀྱི་ལྟེ་བའི་ལྷུ་ཚིགས་8ཀྱི་གྲས་ཤིག་དང་རྒྱལ་ཁབ་ཀྱི་གཞི་གྲངས་ལྟེ་གནས་ཚོ་འདུས་ཆེ་གྲས་བཅུའི་གྲས་ཤིག་ཏུ་གྱུར་ཡོད། ཀུའེ་ཀྲོའུ་ཡི་རྩིས་ནུས་ཀྱི་སྤྱིའི་གཞི་ཁྱོན་ཁྲོད་རིག་རྩིས་ཀྱིས་བཟུང་བའི་བསྡུར་ཚད་དང་། རྒྱལ་ཐོན་ཅན་ལ་འགྱུར་ཚད། ས་ཁོངས་གཅིག་སྡུད་བྱེད་ཚད་བཅས་90%ལྷག་ཙམ་ཟིན་པ་དང་གཞི་གྲངས་ལྟེ་གནས་15རྒྱལ་ཁབ་ཀྱི་ལྗང་མདོག་གཞི་གྲངས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་བདམས་པ་རེད། ཀུའེ་ཀྲོའུ་ཡི་རྩིས་ནུས་ཁྲོམ་ར་ཅན་དུ་འགྱུར་ཚད་90%ལྷག་ཙམ་ཟིན་པ་དང་2025ལོར་རྩིས་ནུས་གཉེར་སྐྱོང་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་824ཟིན་ཡོད་པ་རེད།

    བསྡུར་གཞི་ཡོད་པའི་ལེགས་ཆར་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀུའེ་ཀྲོའུ་ཡིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་རྒྱལ་ཁབ་ཀྱི་ལྟེ་བའི་ལྷུ་ཚིགས་རྒྱུན་མཐུད་དེ་བསྐྲུན་རྒྱུ་དང་། རྒྱལ་ཡོངས་ལ་ཕྱོགས་པའི་རྩིས་ནུས་འགན་སྲུང་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུ། རྒྱལ་ཡོངས་ཀྱི་རྩིས་ནུས་ཀྱི་ནུས་གོང་གཉིས་བསྡུར་མཐོ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་བཅས་རེད། ཀུའེ་ཀྲོའུ་ཡིས་གསོག་འཇོག་དང་རྩིས་རྒྱག་གཞི་གཅིག་ཅན་དང་རིག་རྩིས་སྔོན་འཇོག་མཐའ་འཁྱོངས་བྱས་ནས་གསོག་ཚད་རྩིས་ནུས་ལྟེ་གནས་ཀྱི་ཐོན་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་སྐྲུན་བཞིན་པའི་གཞི་གྲངས་ལྟེ་གནས་བསྐྲུན་ནས་སྤྱོད་པར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་རེད། ཐབས་བརྒྱ་ཇུས་སྟོང་གིས་འཕར་ཚད་མང་དུ་བཏང་ནས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་ཡག་པོ་དང་འདང་ངེས་བྱས་ཏེ། སྤུས་ཚད་མཐོ་བའི་གཞི་གྲངས་ལྟེ་གནས་ནང་འདྲེན་གྱིས་རྩིས་ནུས་གཞི་ཁྱོན་ཆེ་བའི་ཚོ་འདུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།