དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་མཚུངས་ལས་12%འཕར་བ།

    ཟླ་བ་དང་པོ་དང་གཉིས་པར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་འགོ་ཚུགས་བཀྲ་ཤིས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-26

    གསར་འགོད་པར་པེ་ཅིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7438.1ཟིན་པ་དེ་དུས་མཚུངས་ལས་12.0%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2450.5ཟིན་ནས་18.6%འཕར་ཏེ་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4987.6ཟིན་ནས་9.0%འཕར་ཡོད་པ་རེད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་ཅུང་མགྱོགས་པོ་བྱུང་ཞིང་། ཟླ་བ་དང་པོ་དང་གཉིས་པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་7.6%དང་། 9.1% 37.7%བཅས་སོ་སོར་འཕར་ཡོད། དེའི་ནང་པེ་ཅིང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4872.5ཟིན་པ་དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་65.5%བཟུང་ཡོད།

    ཕྱིར་གཏོང་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་ཕྱིར་གཏོང་འཕྲུལ་གློག་ཐོན་རྫས་སྒོར་དུང་ཕྱུར་1476.1ཟིན་ནས་24.7%འཕར་བ་དེས་ས་ཁོངས་ཀྱི་དུས་མཚུངས་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་60.2%བཟུང་ཡོད། དེའི་ནང་རླངས་འཁོར་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་156.9ཟིན་ནས་17.4%འཕར་བ་དང་། འདུས་གྲུབ་གློག་ལམ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་96.1ཟིན་ནས་59.9%འཕར་བ། ལིས་གྱེས་རྡུལ་གློག་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་45.0ཟིན་ནས་124.5%འཕར་བ་བཅས་རེད། དུས་མཚུངས་སུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་འཁལ་འཐག་གྱོན་ཆས་དང་། སྨན་རྒྱུ། སྨན་རྫས་བཅས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་98.1དང་སྒོར་དུང་ཕྱུར་42.1སོ་སོར་ཟིན་ནས་27.7%དང་14.2%སོ་སོར་འཕར་ཡོད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་དང་གསར་དར་ཁྲོམ་རའི་དབར་གྱི་ཚོང་དོན་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་ཞིང་། གྲངས་གཞི་ལས་མངོན་པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གྱིས་ལ་ཏིང་མེ་གླིང་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅས་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་23.7%དང་། 29.9% 33.3%བཅས་སོ་སོར་འཕར་ནས་གསར་དར་ཁྲོམ་རའི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་སྤྱི་ཡོངས་ཀྱི་ཆུ་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།