དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་སྲིད་ཇུས་དང་བྱེད་ཐབས་ཁག་16བཏོན་ནས།

    མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-26

    ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས་མཉམ་དུ《2026ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་མ་ཟད། སྲིད་ཇུས་དང་བྱེད་ཐབས་ཁག་16བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་སྔོན་ཐོན་བཟོ་སྐྲུན་དང་དེང་རབས་ཞབས་ཞུ་སོགས་ལས་རིགས་གཙོ་གནད་དུ་བཟུང་ནས། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་སོགས་ཀྱི་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། མི་སྤྱིའི་ཆེད་མི་སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་འཚམས་འདྲི་དང་ལས་གནས་རྒྱ་སྐྱེད་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུར་འཚམ་པའི་ལས་ཞུགས་ལས་གནས་དེ་བས་མང་བ་གཅིག་སྡུད་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མར་ཁྲིད་སྟོན་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པ་དང་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རྫོང་དང་ཤང་གི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་སུ་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་སྤྱོད་ལག་བསྟར་བྱས་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། སྲིད་ཇུས་ཐད་ཀ་དང་མགྱོགས་མྱུར་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་བསྡུ་བར་སྐུལ་ལྕག་བྱེད་དགོས། རེས་སྐོར་ལྔ་པའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་རང་བཞིན་གྱི་གཞི་རིམ་ཞབས་ཞུའི་རྣམ་གྲངས་གསར་སྤེལ་བྱེད་པར་སྐུལ་ལྕག་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ལས་གནས་ཀྱི་ཐོན་ཁུངས་རྒྱ་སྐྱེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་ལས་ཞུགས་ཐེག་ནུས་མཐོ་རུ་གཏོང་དགོས།

    “ལས་གནས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པའི”རིམ་སྤེལ་ལས་བསྡུའི་འདུ་ཚོགས་རྒྱུན་ཆད་མེད་པར་འཚོགས་ནས་ཞབས་ཞུའི་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བསྡུའི་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་དགོས། ལས་ཞུགས་དངོས་སྦྱོང་བྱེད་སྒོ་སྤེལ་ནས་དགོས་མཁོ་ཡོད་པའི་2026ལོའི་སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་དང་ཐོ་འགོད་ལས་ཤོར་གཞོན་ནུ་སྒྲིག་འཛུགས་བྱས་ཏེ། ལས་གནས་ཐོག་སྦྱོང་བརྡར་བྱས་ནས་གཏན་འབེབས་གཞིར་བཟུང་ལས་ཞུགས་ལས་གཏོད་ཞབས་ཞུའི་ཁ་གསབ་རོགས་དངུལ་སྤྲོད་དགོས། གཞོན་ནུའི་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་ཁྱབ་ཁོངས་ཀྱི་གསོ་སྦྱོང་རྣམ་གྲངས་གསར་སྤེལ་བྱས་ཏེ་གཞོན་ནུའི་རྩལ་ནུས་ལས་ཞུགས་ལ་སྐུལ་ལྕག་བྱེད་དགོས། ལས་ཞུགས་ལྟ་སྦྱོང་ལས་གནས་ཁྲི་བརྒྱ་གསར་སྤེལ་བྱེད་པའི་འཆར་གཞི་ལག་བསྟར་དང་། སྤུས་ལེགས་ལྟ་སྦྱོང་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏན་འབེབས་གཞིར་བཟུང་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།