ཅིན་ཀྲེང་ཨེན་སླར་ཡང་ཁྲའོ་ཞན་གྱི་རྒྱལ་དོན་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ།
ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་23ཉིན་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་22ཉིན་ཁྲའོ་ཞན་གྱི་སྐབས་བཅོ་ལྔ་པའི་ཆེས་མཐོའི་མི་དམངས་ཚོགས་འདུ་ཐེངས་དང་པོ་ཕོང་དབྱང་དུ་འཚོགས་ཤིང་། ཅིན་ཀྲེང་ཨེན་སླར་ཡང་ཁྲའོ་ཞན་རྒྱལ་དོན་ཨུ་ཡོན་ཀྲང་ལ་བདམས་ཐོན་བྱུང་བ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་འདུའི་ཉིན་དང་པོའི་གྲོས་རིམ་དེ་ཕོང་དབྱང་དོན་གྲོས་ཁང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྐབས་གསར་པའི་རྒྱལ་དོན་ཨུ་ལྷན་དང་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ལྷན་བདམས་ཐོན་བྱུང་བ་དང་ནང་བློན་ཁང་གི་ཁོངས་མི་བསྐོ་གཞག་བྱས་པ་རེད། ཀྲའོ་ཡུང་ཡོན་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་པོ་དང་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་དང་། ཕེའོ་ཐའེ་ཁྲེང་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ནང་བློན་ཁང་གི་ཙུང་ལིར་བདམས་པ་རེད།
ཚོགས་འདུའི་ཐོག་ད་དུང་འདེམས་བསྐོ་དང་བསྐོ་གཞག་གཞན་དག་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།