དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོའི་རུ་ཁག་གིས་2026ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་བདུན་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་ཡ་པུ་ལི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་2026ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ་དང་། ཀྲུང་གོ་དང་། ཧན་གོ རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་པའི་བདམས་ཐོན་པ་བརྒྱ་ལྷག་ཙམ་འགྲན་བསྡུར་ནང་ཞུགས་པར་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་བདུན་བླངས་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནང་པང་ཤུད་གྱེན་འཛེགས་འགྲན་བསྡུར་དང་། མི་སྒེར་གྱི་བྱེས་བགྲོད། ཐག་ཐུང་དང་མཉམ་བསྲེས་ཀྱི་ལག་རྒྱུག་བཅས་རྣམ་གྲངས་བཞི་བཀོད་སྒྲིག་བྱས་པའི་ནང་2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མྱོང་བའི་ཚེ་བརྟན་གཡུ་སྒྲོན་དང་པུ་ལུར་གྱིས་མཉམ་བསྲེས་ལག་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ཚེ་བརྟན་གཡུ་སྒྲོན་ལ་ད་དུང་བུད་མེད་ཀྱི་པང་ཤུད་གྱེན་འཛེགས་འགྲན་བསྡུར་དང་། ཐག་ཐུང་འགྲན་བསྡུར། མི་སྒེར་གྱི་བྱེས་བགྲོད་བཅས་ཀྱི་ཨང་དང་པོ་ཐོབ་ཡོད། པུ་ལུར་ལ་སྐྱེས་པའི་པང་ཤུད་གྱེན་འཛེགས་འགྲན་བསྡུར་དང་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

    གཞན་ཡང་། ཉེ་ཆར་2026ལོའི“པོ་ཤི་ཧོ་བུམ་པའི”རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོའི་འགྲན་བསྡུར་ཡང་ཡ་པུ་ལི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་གཉེར་བར་འཐུས་མི་རུ་ཁག་12ཀྱི་བདམས་ཐོན་པ་140ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།