《ནག་ཆུ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་དཔེ་ཚོགས》(དེབ་དང་པོ་ནས་ལྔ་པའི་བར)དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཚེས་24ཉིན། 《ནག་ཆུ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་དཔེ་ཚོགས》(དེབ་དང་པོ་ནས་ལྔ་པའི་བར) དེབ་གསར་ཡོངས་བསྒྲགས་ཚོགས་འདུ་ལྷ་ས་ལྟེ་བའི་དཔེ་གྲོང་དུ་འཚོགས་ཤིང་། དེས་བརྒྱུད་རིམ་ལྡན་པའི་ངང་ལེགས་བསྒྲིགས་བྱས་པའི་བྱང་ཐང་ས་ཁུལ་གྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ཆེན་པོ་དངོས་སུ་བཀྲམ་པ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ནག་ཆུ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་དཔེ་ཚོགས》ཀྱི་ནང་དོན་གྲས་སུ་སྐད་རིགས་མང་པོའི་ཤུལ་བཞག་གི་ཚད་ལྡན་ཡིག་ཆ་དང་། གཞུང་ཕྱོགས་ཡིག་ཚགས། དམངས་ཁྲོད་ཡིག་རིགས། སྤྱི་ཚོགས་བརྟག་དཔྱད་དང་ངག་རྒྱུན་ལོ་རྒྱུས་བཅས་ཚུད་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་ནག་ཆུའི་གལ་ཆེའི་རང་བཞིན་ཡང་ཕྱོགས་ཡོངས་ནས་མངོན་ཡོད། བསྡོམས་དེབ་11ཡོད་པ་དང་དེབ་5ཐོག་མར་དཔེ་སྐྲུན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།