དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།

    དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་1232གསར་སྐྲུན་རྒྱས་སྐྲུན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལྷག་པར་དུ། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་རིགས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་བྱེད་སྒོའི་རིགས་ཐེངས་9112སྤེལ་བའི་ནང་མང་ཚོགས་མི་ཐེངས་ཁྲི་12.1ཞུགས་ཡོད་པ་རེད། “དམངས་ཡོངས་ཀྱི་ལུས་སྦྱོང་ཉམས་ལེན་ཟླ་བ”དང་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེ་མོ་སོགས་སྤུས་རྟགས་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་དང་། བོད་ཀྱི་ལོ་གསར་ཚེས་གསུམ་དང་ཞོ་སྟོན་གྱི་རྟ་རྩལ་འཁྲབ་སྟོན་དང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཚོགས། “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”རིམ་སྤེལ་བྱེད་སྒོ་སོགས་ཀྱིས་ཁྱོན་མང་ཚོགས་མི་ཐེངས་ཁྲི་60ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    “གང་དུ་ལུས་སྦྱོང་བྱེད་པར་སྐྱོད་པ”སོགས་མང་ཚོགས་ཀྱི་དཀའ་གནད་ལ་དམིགས་ཏེ་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལག་བསྟར་འཆར་གཞི(2021ལོ་ནས་2025ལོ་བར)》ལག་བསྟར་ཤུགས་ཆེན་བྱས་ཏེ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་14.5བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་1232གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ལུས་རྩལ་སྤྱི་གླིང་19བསྐྲུན་ནས་འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱས་པ་དང་། ཤང་དང་གྲོང་རྡལ་54ལ་ནུས་མང་ལུས་སྦྱོང་བྱེད་སྒོ་སྤེལ་སའི་ཐང་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱས་པ། སྤྱི་པའི་ལུས་རྩལ་ཁང་164རིན་པ་མི་དགོས་པའམ་ཡང་ན་རིན་པ་ཉུང་ཙམ་བསྡུས་ནས་སྒོ་དབྱེ་རྒྱུར་སྐུལ་འདེད་བཏང་བ། དགོན་པ་62ལ་ལུས་སྦྱོང་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱས་པ་རེད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ལུས་རྩལ་ཐང་10128ཡོད་པ་དང་། ལུས་རྩལ་ཐང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་837ཟིན་པ། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་2.26བར་འཕར་བ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་སྨི་ངོས་གྲུ་0.7འཕར་བ། གྲོང་ཁྱེར་དང་། གྲོང་རྡལ། སྡེ་ཁུལ་བཅས་ཀྱི“སྐར་མ་15ཡི་ལུས་སྦྱོང་འཁོར་རྒྱ”སྤྱིར་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་དུ་ལུས་རྩལ་སྒྲིག་ཆས་ཁྱབ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།