དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས།

    ——ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་དབུ་ཚོགས་སྐབས་བཅུ་པར་རྟེན་འབྲེལ་གློག་འཕྲིན་བཏང་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲེན་དབྱི་མིང་། ཧྲི་ཡོན་ཧའོ། ཞེ་ཅ་ཉིང་།   |     སྤེལ་དུས།  2026-03-25

    ཟླ་3ཚེས་21ཉིན། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་དབུ་ཚོགས་སྐབས་བཅུ་པ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་པ་དང་། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་རྩོམ་པར་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པའི་ངོས་འཛིན་བྱས་པ་རེད།

    “ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་མཚོན་པ”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པ་བཙུགས་པ་ནས་བཟུང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བསྟན་གནང་བ་རེད།

    “མིག་སྔར། རྒྱལ་སྤྱིའི་བཀོད་པ་ལེགས་སྒྲིག་གཏིང་ཟབ་བྱས་པས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། ས་ཁུལ་གྱི་མཉམ་ལས་ལམ་སྲོལ་གལ་ཆེན་ཞིག་ཡིན་པའི་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པས་ཆབ་སྲིད་ཐད་ཀྱི་སྐད་ཆ་ཤོད་རེས་ལ་སྐུལ་འདེད་དང་། དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད། ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད”ཅེས་པར་ཙིར་ཧྥུའུ་ལུའུ་སྨི་ནེན་སའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨེ་དབན་ཏེ་ལུའོ·ཁ་ཝ་ལུའེ་ཡིས་བརྗོད་ཅིང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དེ་ཐོག་ནས“ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་མཚོན་ཡོད”ཅེས་བརྗོད་པ་རེད།

    ཨེ་ཁྭ་ཏོར་གྱི་རྒྱུན་མཐུད་ཆོག་པའི་འཛམ་གླིང་ཐེབས་རྩ་ལྷན་ཚོགས་ཀྱི་ཁྱབ་སྤེལ་སྤྱི་ཁྱབ་ལྟ་ཞིབ་པ་མའེ་སའེ་ཏེ་སི·ཕི་ཐ་ཡིས“ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པས་རང་བཙན་རང་བདག་གི་རྩ་དོན་མཐའ་འཁྱོངས་བྱས་པ་དེས་ས་ཁུལ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་རང་བདག་རང་བཞིན་ཤུགས་ཆེར་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གཅིག་གྱུར་གྱི་འབོད་སྒྲ་སྒྲོག་པར་ཡང་ལས་སྟེགས་བསྐྲུན་ཡོད” ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། མཉམ་ལས་གཉིས་ཕན་དར་སྤེལ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོ་དང་མཉམ་ལས་བྱས་པ་དེས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བཏོད་ཡོད”

    ན་ནིང་ཟླ་5པར། ཀྲུང་གོ་དང་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་ལག་བསྟར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བར་ལ་ཏིང་མེ་གླིང་ཕྱོགས་ནས་དང་ལེན་ཧུར་ཐག་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ལོ་གཅིག་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་མཉམ་ལས་དམ་ཟབ་བྱས་ནས་འདུ་འགོད་ཆེན་པོ་ལྔ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད་ཅེས་བསྟན་གནང་བ་རེད།

    པར་ཙིར་གྱི་ཀྲུང་གོ་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཁེ་ལའོ་ཏི་ཡ·ཡ་ནུའུ་ཆིས། འདུ་འགོད་ཆེན་པོ་ལྔས་ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་ཐབས་ལམ་གསལ་པོ་མཁོ་འདོན་བྱས་ཡོད། “རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་སུ་མཉམ་ལས་རྣམ་གྲངས་རབ་དང་རིམ་པར་སྐུལ་འདེད་བརྟན་པོ་བཏང་ནས་མིག་མཐོང་ལག་ཟིན་ཐུབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་འགྱུར་བཞིན་ཡོད”ཅེས་བརྗོད་པ་དང་། ཁོང་གིས། མཉམ་ལས་བྱས་པ་དེས་ས་ཁུལ་གྱི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་རྒྱུན་མཐུད་ཆོག་པའི་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས་པ་རེད།

    “ཉེ་བའི་ལོ་ཤས་རིང་། ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད” ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་གྱི་གྲས་སུ་གྱུར་པ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཕན་ཚུན་སྦྲེལ་མཐུད་དང་ཐོན་ལས་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ“ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྦྱིན་ཡོད”ཅེས་ཨ་ཀེན་ཐིན་ལ་ཕུའུ་ལ་ཐ་རྒྱལ་བཙུགས་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སི་ཧྥུའུ་ལན་གྱིས་བརྗོད་པ་རེད།

    “ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་བྱས་ནས། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ལ་ཏིང་མེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད་ཅེས་ནན་བཤད་གནང་ཡོད།

    མོ་ཞི་ཁོ་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་ལོ་རྒྱུས་ཡིག་ཚགས་ཁྱབ་སྤེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཁུའུ་དབྱི་ཐེ་ལ་ཝ·ཨར་ཁན་ཐ་ལ་ཡིས། ཉེ་བའི་ལོ་ཤས་རིང་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་ཕན་ཚུན་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ལས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟགས་སྔར་བས་བཏང་ཡོད། གོ་ལ་ཧྲིལ་པོར་འགྲན་སློང་མང་པོ་འཕྲད་པའི་རྒྱབ་ལྗོངས་འོག་མཉམ་ལས་བརྟན་པོ་འདི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད”ཅེས་བརྗོད་པ་རེད།

    “ཀྲུང་གོས་ན་ནིང་ཟླ་12པར་ཁྱབ་བསྒྲགས་བྱས་པའི་ལ་ཏིང་མེ་གླིང་ལ་འཛིན་པའི་སྲིད་ཇུས་ཡིག་ཆ་གསུམ་པ་དེས་ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་གལ་ཆེན་བྱས་ཡོད” སྲིད་ཇུས་ཡིག་ཆ་དེའི་ནང་། དུས་མཚམས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་40ལྷག་ཙམ་དུ་སྤེལ་རེས་དང་མཉམ་ལས་བྱེད་པའི་སྲིད་ཇུས་ཀྱི་འདོད་ཚུལ་གསལ་བཤད་བྱས་པ་མ་ཟད། ལ་ཏིང་མེ་གླིང་ཕྱོགས་ཀྱི་ཚོང་དོན་དང་། མ་འཇོག དངུལ་རྩ། ཚན་རྩལ་གསར་གཏོད། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དགོས་མཁོ་དང་དོ་ཁུར་ལ་ཨ་ལན་ཧུར་ཐག་བསློགས་ཏེ་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཡུན་རིང་གི་འཆར་གཞི་བཀོད་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ལས་ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་ཡང་བསྐྱར་གསལ་བཤད་གནང་ཡོད”ཅེས་ཁུ་པའི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའེ་ཏེ་ཧྭ་ཏུའོ·ལེ་ཅ་ལ་ཏུའོ་ཡིས་བརྗོད་པ་རེད།

    (འདི་ག་ཚགས་པར་ཁང་དུ་ལི་གཡོད་རེ་ནེ་ལུའུ་དང་མོ་ཞི་ཁོ་གྲོང་ཁྱེར་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།