དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁེན་ནི་ཡས་མཉམ་དུ་རོལ་དབྱངས་ཕུད་འདེམས་ལེ་ཚན་ཆེ་གྲས《ཨ་ཧྥེ་རི་ཁར་གླུ་གཞས་གཏོང》ཞེས་པ་བཏོད་པ།

    གླུ་གཞས་ལས་ཁེན་ཀྲུང་གི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཝུའེ་ཤིན།   |     སྤེལ་དུས།  2026-03-25

    ཉིན་ཤས་གོང་། ཀྲུང་གོ་དང་ཁེན་ནི་ཡས་མཉམ་ལས་བྱས་ནས་བཏོད་པའི་རོལ་དབྱངས་ཕུད་འདེམས་ལེ་ཚན་ཆེ་གྲས《ཨ་ཧྥེ་རི་ཁར་གླུ་གཞས་གཏོང》ཞེས་པའི་དུས་ཚིགས་དང་པོའི་འཁྲབ་ཐེངས་མཇུག་ཤོས་དེ་བསྟན་པ་རེད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་ཁེན་ནི་ཡའི་ཟློས་གར་དགེ་རྒན་ཧྥ་ནུའུ་ཨེར·མུའུ་ལུའུ་ཝ་ལ་ཨང་དང་པོ་ཐོབ་པ་དང་། ཁོང་གིས“ཀྲུང་གོའི་རོལ་དབྱངས་མཁས་ཅན་དང་མཉམ་དུ་གླུ་གཞས་བཏང་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    《ཨ་ཧྥེ་རི་ཁར་གླུ་གཞས་གཏོང》ཞེས་པའི་དུས་ཚིགས་དང་པོའི་འཁྲབ་སྟོན་ཁེན་ནི་ཡར་དམིགས་ཡོད་ཅིང་། ན་ནིང་གི་ཟླ་11པའི་ཟླ་མཇུག་ཏུ་བྱེད་སྒོའི་ཡོངས་འདེམས་འགོ་ཚུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་རྗེས་མི་5000ལྷག་ཙམ་གྱིས་མིང་ཐོ་བཀོད་པ་དང་། ད་ཐེངས་འགྲན་བསྡུར་གྱི་ཨང་དང་པོ་དང་དགའ་མོས་བྱེད་ཚད་མང་ཤོས་ཀྱི་མི་གསུམ་ལ་ཀྲུང་གོར་བསྐྱོད་ནས་སྤེལ་རེས་བྱེད་པའི་གོ་སྐབས་རག་གི་ཡོད། ལེ་ཚན་དེ་ནི་ཧུའུ་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་རྒྱལ་སྤྱིའི་འཕྲིན་ལམ་དང་ཤིན་ཧྭ་གསར་འགྱུར་ཁང་ཨ་ཧྥེ་རི་ཁའི་སྤྱི་ཁྱབ་ཡན་ལག་ཁང་གིས་མཉམ་དུ་གཉེར་ཏེ། ཨ་ཧྥེ་རི་ཁའི་གཙོ་རྒྱུན་བརྙན་འཕྲིན་ལས་སྟེགས་དང་སྒྲིག་བཟོ་ཚོགས་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་བཏོད་པ་ཞིག་རེད། ཧུའུ་ནན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་རྒྱལ་སྤྱིའི་འཕྲིན་ལམ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་དང《ཨ་ཧྥེ་རི་ཁར་གླུ་གཞས་གཏོང》གི་པར་གཞི་གཉེར་མཁན་དབན་ཧྲའོ་ཀོང་གིས། ལེ་ཚན་དེས་རྒྱུན་མཐུད་ཆོག་པའི་ཀྲུང་ཧྥེའི་རིག་གནས་སྤེལ་རེས་ལས་སྟེགས་གཏོད་རྒྱུར་གཞོལ་ཏེ། རོལ་དབྱངས་སྨྱན་བྱེད་དུ་བྱས་ཐོག་ཀྲུང་ཧྥེའི་དབར་གྱི་བརྩེ་སེམས་དང་རིག་གནས་ཀྱི་གཅིག་མཐུན་ཟབ་ཏུ་བཏང་ནས་ཨ་ཧྥེ་རི་ཁའི་རོལ་དབྱངས་འཛམ་གླིང་དུ་དར་བར་སྒོ་མོ་གསར་པ་ཕྱེ་ཡོད་ཅེས་བརྗོད།

    ཁེན་ནི་ཡའི་སྒྲིག་བཟོ་ཚོགས་པའི་འཁྲབ་ཁྲིད་པ་ས་སྨི·ཏིས“ཀྲུང་གོ་ཕྱོགས་ཀྱི་ཚོགས་པ་དང་མཉམ་ལས་བྱས་པའི་མྱོང་བ་ནི་ནམ་ཡང་བརྗེད་དཀའ་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱི་ཚོགས་པར་ལེ་ཚན་བཟོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་ལས་ང་ཚོས་ཤེས་བྱ་མང་པོ་སྦྱངས་ཐུབ་བྱུང་། ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་ནུས་པ་ཡོད་རྒུས་ང་ཚོར་མཛུབ་ཁྲིད་བྱས་ཏེ་སྤུས་ལེགས་ཀྱི་རོལ་དབྱངས་ལེ་ཚན་ཞིག་གཏོད་རོགས་བྱས་བྱུང”ཞེས་བརྗོད།

    2026ལོ་ནི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ”ཡིན་ཞིང་། གཙོ་གཉེར་ཕྱོགས་ཀྱིས་ད་ལོ་བུད་མེད་ཀྱི་འགྲན་བསྡུར་ཡང་སྤེལ་ནས་གཞོན་ནུ་དེ་བས་མང་བར་ངོམ་སྟོན་གྱི་ལས་སྟེགས་བསྐྲུན་རྩིས་ཡོད་ཅེས་བརྗོད་པ་རེད། གླུ་གཞས་ལས་ཁེན་ཀྲུང་གི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། ཁེན་ནི་ཡའི་སྨྱན་སྦྱོར་གྱིས《ཨ་ཧྥེ་རི་ཁར་གླུ་གཞས་གཏོང》ཞེས་པ་དེས་གཞོན་ནུ་ཚོར་ལས་སྟེགས་བཏོད་དེ་ཁོང་ཚོས་སྒྱུ་རྩལ་ཁྱབ་ཁོངས་སུ་ལས་རིགས་ཀྱི་ལམ་བུ་གཏོད་རོགས་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཁེན་ནི་ཡའི་གཞོན་ནུའི་ལས་དོན་དང་གསར་གཏོད་དཔལ་འབྱོར་དང་ལུས་རྩལ་པུའི་དཔོན་རིགས་པོ་ན་ཏེ·ཨེན་ཀེ་སུའོ་ཡིས། མི་ཆོས་རིག་གནས་སྤེལ་རེས་བྱེད་སྟངས་དཔེ་གསར་དེས་གཞོན་ནུའི་ཚོགས་སྤྱིའི་ཡིད་དབང་བཀུག་ནས། ཧྥེ་ཀྲུང་གཞོན་ནུའི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།