ཨ་ཀེན་ཐིན་གྱི་དྲག་རྩལ་དགའ་ཞེན་པ་ཚོས་རྒྱལ་སྤྱིའི་ཐའེ་ཅི་དྲག་རྩལ་ཉིན་མོར་རྟེན་འབྲེལ་ཞུས་པ།

ཟླ་3ཚེས་21ཉིན། གོ་ལ་ཧྲིལ་པོས“རྒྱལ་སྤྱིའི་ཐའེ་ཅི་དྲག་རྩལ་ཉིན་མོ”ཐོག་མ་བསུས་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་དྲག་རྩལ་གྱི་རྣམ་གྲངས་ཐོག་ནས་མིང་བཏགས་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་ཡིན་ལ། ཐའེ་ཅི་དྲག་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་བཅུག་རྗེས་ཀྲུང་ཧྭའི་སྲོལ་རྒྱུན་ལུས་རྩལ་རིག་གནས་མཆོག་ནོར་དེར་སླར་ཡང་རྒྱལ་སྤྱིའི་ཁས་ལེན་ཐོབ་པ་ཞིག་རེད། དེ་ཐོག་ནས་མིའི་རིགས་ཀྱི་ཐུན་མོང་གི་རིག་གནས་རྒྱུ་ནོར་ཡིན་པའི་ཐའེ་ཅི་དྲག་རྩལ་གྱི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ནུས་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད། འདི་ནི་ཚེས་21ཉིན་ཨ་ཀེན་ཐིན་དྲག་རྩལ་སྤྲོ་སྐྱིད་ཁང་འཛུགས་མཁན་ཁྲེན་མིན(དཀྱིལ)གྱིས་ས་གནས་དེ་གའི་དྲག་རྩལ་དགའ་ཞེན་པ་དང་མཉམ་དུ་ཐའེ་ཅི་དྲག་རྩལ་ངོམ་སྟོན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།