དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཆུ་སྤྱོད་ཀྱི་སྤྱི་འབོར་འཕར་མེད་པ།

    2025ལོར་རྒྱུན་གཏན་མིན་པའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-25

    ཟླ་3ཚེས་22ཉིན་“འཛམ་གླིང་ཆུའི་ཉིན་མོ”སྐབས་སོ་བཞི་པ་ཡིན་པ་དང་“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་དགུ་པ་དེ་དང་དུས་གཅིག་ཏུ་འགོ་ཚུགས་ཡོད། ཟླ་3ཚེས་22ཉིན་དང་ཚེས་23ཉིན། 2026ལོའི“ཆུ་གྲོན་ཆུང་གི་ཀྲུང་གོའི་བྱ་སྤྱོད”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་སྤེལ་བ་རེད། གསར་འགོད་པར་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་གྱི་བེད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་ལོ་ཤས་བསྟུད་མར་འཕར་བ་དང་འབྲུ་རིགས་ལ་ལོ་ཤས་བསྟུད་མར་ལོ་ལེགས་བྱུང་བའི་གནས་ཚུལ་འོག་ཆུ་སྤྱོད་ཚད་སྔར་བཞིན་འཕར་མེད་པ་རེད། 2025ལོར་རང་རྒྱལ་གྱི་རྒྱུན་གཏན་མིན་པའི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་250ལྷག་ཙམ་ཟིན་ཡོད།

    རྒྱུན་གཏན་མིན་པའི་ཆུ་ཁུངས་ཞེས་པ་ནི་གཙང་བསིང་བྱས་རྗེས་བེད་སྤྱོད་བྱེད་པའམ་ཡང་ན་ཆ་རྐྱེན་ངེས་ཅན་འོག་ཐད་ཀར་བེད་སྤྱོད་ཆོག་པའི་བསྐྱར་སྐྱེས་ཆུ་དང་། ཆར་ཆུ། རྒྱ་མཚོའི་ཆུ་དང་རྒྱ་ཚོའི་ཚྭ་མེད་ཆུ། གཏེར་ཁྲོན(ཁྲོན་པའི)ཆུ། ཚྭ་ཉུང་ཆུ་སོཌ་ལ་ཟེར། རྒྱུན་གཏན་མིན་པའི་ཆུ་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཆུ་མཁོ་འདོན་བྱེད་མང་དུ་གཏོང་བ་དང་། སྦཌ་བཙོག་འབུད་ཚད་ཉུང་དུ་འགྲོ་བ། ཆུའི་ཐོན་ཁུངས་བཀོད་སྒྲིག་མ་ལག་ལེགས་སུ་གཏོང་བ། ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་སོཌ་ལ་ནུས་པ་གལ་ཆེན་ལྡན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་དགོས་མཁོ་ཡིན།

    ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་དོ་དམ་དང་ཕྱོཌ་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུཌ་མགྱོཌ་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་བདེ་འཇགས་བེད་སྤྱོད་ཀྱི་ཆུ་ཚད་ཕྱོཌ་ཡོངས་ནས་མཐོ་རུ་གཏོང་བ། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཛུཌ་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཆུ་གྲོན་ཆུང་ཐོན་ལས་མ་ལག་གསར་གཏོད་དང་འཛུཌ་སྐྲུན་བྱེད་པ། རྒྱུན་གཏན་མིན་པའི་ཆུ་བཀོད་སྒྲིག་དང་བེད་སྤྱོད་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་གཏོད་པ། གན་རྒྱའི་ཆུ་གྲོན་ཆུང་དོ་དམ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོཌ་ཡོངས་ཀྱི་ཆུ་གྲོན་ཆུང་གི་ལྟ་བ་དང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཆུ་གྲོན་ཆུང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འདུན་པ་དང་། སྤྱི་ཚོཌ་ཀྱི་ཐུན་མོང་ངོས་འཛིན། དམངས་ཡོངས་ཀྱི་བྱ་སྤྱོད་བཅས་སུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།