དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཀོན་གྲོང་ཚོའི་རྒྱལ་སྤྱིའི་ལག་རྩལ་ཉོ་ཚོང་ལྟེ་གནས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-25

    ཉེ་ཆར། ཀྲུང་ཀོན་གྲོང་ཚོའི་རྒྱལ་སྤྱིའི་ལག་རྩལ་ཉོ་ཚོང་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ལག་རྩལ་ཉོ་ཚོང་སྦྲེལ་ཐག་གཙོ་བོར་བྱས་ཏེ། འཁོར་འབྲེལ་ཧྲིལ་པོའི་ལག་རྩལ་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་རྒྱུར་གཞོལ་ནས། ཚན་རྩལ་གྲུབ་འབྲས“གོ་ལ་ཧྲིལ་པོས་ཉོ་བ་དང་གོ་ལ་ཧྲིལ་པོར་འཚོང་བ”མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད།

    ལྟེ་གནས་དེས་ལག་རྩལ་གྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་དང་གསར་གཏོད་ཀྱི་ཐོན་ཁུངས་སྦྲེལ་མཐུད་གནད་སྨིན་བྱ་རྒྱུ་ལྟེ་བར་བྱས་ཏེ་གྲུབ་འབྲས་འགྲེམས་སྟོན་དང་། ལག་རྩལ་ཉོ་ཚོང་། མཁོ་སྤྲོད་སྙིམས་སྒྲིག ཞབས་ཞུའི་འདེགས་སྐྱོར་སོགས་ནུས་པ་སྣ་མང་བསྡུ་སྒྲིལ་བྱས་ཏེ་ཚན་ཞིབ་སྒྲིག་གཞི་དང་། མཐོ་རིམ་སློབ་གླིང་། ཁེ་ལས་ཀྱི་བྱེད་པོ། མ་རྩའི་ཁྲོམ་ར་བཅས་དང་དེ་བཞིན་ཆེད་ལས་ཞབས་ཞུའི་སྒྲིག་གཞིའི་སྦྲེལ་མཐུད་ཀྱི་བགྲོད་ལམ་བཏོད་པས“གསར་གཏོད་ལ་ལས་སྟེགས་ཡོད་པ་དང་། གཞན་སྒྱུར་ལ་ཐབས་ལམ་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ”བཅས་མངོན་འགྱུར་དངོས་སུ་བྱུང་ཡོད། པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཛུབ་ཁྲིད་འོག་ལྟེ་གནས་དེ་པེ་ཅིང་གྲོང་ཁྱེར་ཚན་རྩལ་ཨུ་ལྷན་དང་། ཀྲུང་ཀོན་གྲོང་ཚོ་དོ་དམ་ཨུ་ལྷན། ཧའེ་ཏེན་ཆུས་མི་དམངས་སྲིད་གཞུང་། ཀྲུང་ཀོན་གྲོང་ཚོ་འཕེལ་རྒྱས་ཚོགས་པ་བཅས་ཀྱིས་མཉམ་དུ་བཏོད་པ་དང་། མིག་སྔར་ཀྲུང་གོའི་ལག་རྩལ་ཉོ་ཚོང་ཁང་དང་། ཧྲང་ཧའེ་ལག་རྩལ་ཉོ་ཚོང་ཁང་། ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་ཁང་གི་ཚན་རྩལ་གྲུབ་འབྲས་དང་ཤེས་བྱའི་བདག་དབང་ཉོ་ཚོང་ལྟེ་གནས་སོགས་སྒྲིག་གཞི་90ལྷག་ཙམ་དེ་གར་གཞིས་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།