ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ནས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་མངོན་པར་བྱས་པ།

འདི་ནི་ཚོགས་འདུར་ཞུགས་མཁན་གྱིས《2025ལོའི་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན》གྱི་སྙན་སེང་པར་གཞིར་ལྟ་བཞིན་པ།

འདི་ནི་གཞི་རིམ་བཅོས་སྐྱོང་ལས་དོན་པས་ཡུལ་རྣམ་འཁྲབ་སྟོན་ཐོག་ནས་ཏང་འཛུཌ་སྐྱོང་གི་སྤུས་རྟགས་ཞབས་ཞུའི་ཕན་འབྲས་སྟོན་བཞིན་པ།
ཉེ་ཆར། 2025ལོའི་ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གྲུབ་འབྲས་འགྲེམས་སྟོན་གྱི་ཡུལ་དངོས་སྤེལ་རེས་ཚོགས་འདུ་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་སྡེ་ཁུལ་དུ་འཚོགས་པ་དང་། ཚོགས་འདུར་ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གསར་གཏོད་ལག་ལེན་གྱི་བྱ་ཐབས་དང་སྤུས་རྟགས་འཛུགས་སྐྱོང་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་བསྟན་ཡོད།
ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་ལག་ལེན་བསྟར་རྒྱུར་ཕན་ནུས་ལྡན་པའི་ལས་ཀའི་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། “6+1”གི་ལས་ཀའི་བྱ་ཐབས་དང་། “ལྔ་ལྔའི་ལས་དོན་སྒྲུབ་ཐབས”སོགས་དངོས་སྒྲུབ་གོ་ཆོད་ཀྱི་ལག་ལེན་གྲུབ་འབྲས་རིམ་པས་ཆགས་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།