དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོར་སྐལ་བཟང་མེ་ཏོག་རབ་ཏུ་བཞད། བུད་མེད་ཀྱིས་བྱས་རྗེས་བཞག་ནས་ལེའུ་གསར་རྩོམ།

    ——ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་གསུམ”གྱི་བྱ་སྤྱོད་ལ་བརྟེན་ནས་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    2025ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དར་རྒྱས་བཏང་ནས་ཐོག་མའི་བསམ་འདུན་སྒྲུབ་པ་དང་། བུད་མེད་སྟོབས་ཆེར་བཏང་ནས་ཧེ་བག་འཚོལ་བ། བུད་མེད་མང་ཚོགས་ཀྱིས་བྱ་བ་དངོས་སྒྲུབ་པ”བཅས་ཀྱི“བུད་མེད་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། བུད་མེད་དང་བྱིས་པར་ཞབས་ཞུ་ཧུར་ཐག་བསྒྲུབས་ཏེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    “ཏང་གི་སྲིད་ཇུས་ས་མཐོའི་ཉི་འོད་ལྟར་ང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུར་འཕྲོས”ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“སྐལ་བཟང་མེ་ཏོག་བཞད་པའི་སློབ་ཁང”དུ་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་སྒྲོལ་དཀར་གྱིས་བབ་ཆགས་པའི་སྐད་ཆའི་ཐོག་ནས་མྱོང་ཚོར་གླེང་བས། བུད་མེད་མང་ཚོགས་བཅུ་གྲངས་ཁ་ཤས་ཀྱིས་ནན་ཏན་ངང་ཉན་ནས་ཟིན་ཐོ་འགོད་བཞིན་མཆིས།

    2025ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། དྲ་ཐོག་ཏུ་བོད་རྒྱ་སྐད་གཉིས་ཀྱི“སྐལ་བཟང་མེ་ཏོག་བཞད་པའི་སློབ་ཁང”གི་ཐད་གཏོང་ལྟ་མཁན་མང་བ་དང་། གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་འགྲེལ་བཤད་བརྒྱབ་པ་དང་། དྲ་ཕྱིར་མི་60ལས་གྲུབ་པའི“ལྷ་སའི་ཨ་ཅག”གི་སྒྲོག་འགྲེལ་ཚོགས་པ་སྡེ་ཁུལ་དང་གྲོང་གསེབ་སོགས་སུ་བསྐྱོད་དེ་མང་ཚོགས་ཀྱི་སྐད་ཆ་དང་དེ་བཞིན་ཉེ་འགྲམ་གྱི་གཏམ་རྒྱུད་ལ་བརྟེན་ཏེ། སྒྲོག་འགྲེལ་ཐེངས་32བྱས་པས་དྲ་ཐོག་དང་དྲ་ཕྱིར་མི་ཐེངས་ཁྲི་20ལྷག་ཙམ་ཁྱབ་པ་དང་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་190ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཡོན་ཡོངས་ཀྱི“1+1+N”ཡི་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཡོན་ལས་བྱེད་པ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་དང་དེ་བཞིན་གཞི་རིམ་མང་ཚོགས་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ་མ་དངུལ་སྒོར་ཁྲི་5ལྷག་ཙམ་བཏང་ནས་སྲིད་ཇུས་དྲིལ་བསྒྲགས་དང་ཐུགས་ཁུར་འཚམས་འདྲིའི་ལས་དོན་སྤེལ་ཞིང་། བུད་མེད་ཚོགས་སྤྱི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བྱེད་པའི་འཇོན་ཐང་ཆེར་གཏོང་གི་དགོས་མཁོར་དམིགས་ནས། མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་སྟེ་གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་དྲ་རྒྱའི་དྲིལ་བསྒྲགས་པ་སོགས་ཀྱི་གསོ་སྦྱོང་སྣ་ཚོགས་བྱས་པ་དང་། ལས་བྱེད་པ་བདམས་ནས་དབང་སྲུང་དང་ཏང་འཛུགས་སྐྱོང་སོགས་ཀྱི་ཆེད་དོན་གསོ་སྦྱོང་ཐེངས་10ལྷག་ཙམ་ནང་ཞུགས་པ་མ་ཟད། ལྗོངས་ཡོངས་ཀྱི་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་དང་དེ་བཞིན་བུད་མེད་དོན་གྲོས་ཚོགས་འདུའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོག་རྒྱུར་རམ་འདེགས་ཀྱང་བྱས་ཡོད།

    2025ལོར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐལ་བཟང་མེ་ཏོག·རི་མཚོའི་མཉམ་ལས”ཐབས་ལམ་ལ་བརྟེན་ནས་ཕྱིའི་རོགས་སྐྱོར་བརྩོན་ལེན་གྱིས་བུད་མེད་འཕེལ་རྒྱས་ལ་རམ་འདེགས་བྱས་པ་སྟེ། ཅང་སུའུ་ཡི་ཤེས་ལྡན་པའི་རིག་སྟོབས་རོགས་སྐྱོར་མ་དངུལ་སྒོར་ཁྲི་47.95བརྩོན་ལེན་བྱས་ནས་བུད་མེད་30སྒྲིག་འཛུགས་ཀྱིས་ཅང་སུའུ་རུ་དུས་ཡུན་ཉིན་15ཡི་བཀོལ་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་པ། པེ་ཅིང་གི་བོད་སྐྱོར་མ་དངུལ་སྒོར་ཁྲི་40བརྩོན་ལེན་གྱིས་ཕུལ་བྱུང་བུད་མེད་འཐུས་མི་20པེ་ཅིང་དུ་སློབ་སྦྱོང་བྱེད་པར་བཏང་ནས་བུད་མེད་ཀྱི་གསར་གཏོད་ལས་གཏོད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    “བུད་མེད་སྟོབས་ཆེར་བཏང་ནས་ཧེ་བག་འཚོལ་བའི”བྱ་སྤྱོད་ནང་། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ནས་ཕྱོགས་མང་པོས་ནུས་ཤུགས་བཏོན་ཏེ་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། “སྐལ་བཟང་མེ་ཏོག·གསར་གཏོད་ལས་གཏོད”ཅེས་པའི་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། “དཔྱིད་རླུང་བྱ་སྤྱོད”ཀྱི་སློབ་གྲྭའི་ཆེད་དོན་ལས་བསྡུའི་འདུ་ཚོགས་སུ། ཁེ་ལས་30ཡིས་ལས་གནས་400ལྷག་ཙམ་མཁོ་འདོན་བྱས་པ་དང་མི་60ཡིས་ས་གནས་ས་ཐོག་ཏུ་ལས་བསྡུའི་གྲོས་མཐུན་བཞག་ཡོད། “སྐལ་བཟང་མེ་ཏོག·གྲོང་གསེབ་དར་རྒྱས”ཀྱི་བྱ་སྤྱོད་ནང་བཀྲག་མདངས་འཚེར་ས་མང་པོ་མངོན་ཞིང་། མ་དངུལ་སྒོར་ཁྲི་24བཏང་ནས་བུད་མེད་ཀྱི་མཛའ་མཐུན་ལས་སྟེགས་བཏོད་པ་དང་། བརྗོད་དོན་གཙོ་བོའི་འཆད་ཁྲིད་དང་ལག་ཤེས་སློབ་ཚན་སོགས་རིགས་ཁག་གི་བྱེད་སྒོ་ཁག་122སྤེལ་བར་མི་3200ལྷག་ཙམ་ཞུགས་ཡོད་པ་རེད།

    “སྐལ་བཟང་མེ་ཏོག·ཕྱུག་འགྱུར་བཟོ་ཁང”ཞེས་པའི་སྐུལ་ཁྲིད་འོག “བུད་མེད”རྟགས་ཅན་མཉམ་ལས་ཁང་དང་དེ་བཞིན་བུད་མེད་གཅིག་སྡུད་དམངས་གཉེར་ཁེ་ལས་51གིས་མི་1200ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་4.2ཟིན་ཡོད། “ལྷ་སའི་བུ་མོའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་། “མེ་ཏོག་ཞའོ་ལུང”གི་ཞིང་རོགས་ལས་སྟེགས་སྤྱོད་འགོ་ཚུགས་པ། “བཟོ་ཁང+མཉམ་ལས་ཁང+ཡོང་འབབ་དམའ་བའི་བུད་མེད”བྱེད་ཐབས་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་སྔོན་ལ་ལས་ཞུགས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།