དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཙོད་ལ་ལམ་བུ་བཤངས། ཁྲུང་ཁྲུང་སྐྱོང་བར་འབད།

    ——མཚོ་བོད་ལྕགས་ལམ་གྱིས་སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    2006ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པའི་ནང་། ལམ་ཐག་སྤྱི་ལེ་960ཙམ་ཆ་སྙོམས་ས་བབ་སྨི་4000ཡན་གྱི་ས་མཐོའི་མི་མེད་ལུང་སྟོང་ཁུལ་དུ་གནས་ཡོད།

    ལོ་མང་རིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་འདེགས་སྐྱོར་དེ་བས་ཡག་པོ་བྱས་ཏེ། ས་ཁོངས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྲོད་ཀྱི་ལྕགས་ལམ་གྱི་ལྗང་མདོག་རྐང་འཛིན་ནུས་པ་གང་ལེགས་འདོན་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་བརྗོད་དོན་གཙོ་བོར་དམ་དུ་དམིགས་ཏེ། ལམ་རྒྱུད་ཀྱི་དོན་དངོས་གཞིར་བཟུང་སྐྱེ་ཁམས་སྲུང་སྐྱོང་གི་ལམ་ལུགས་དང་བྱ་ཐབས་ཟམ་མི་ཆད་པར་ཞིབ་ཚགས་སུ་བཏང་ནས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

    2015ལོར། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་ལ་ནུས་སྐྱེད་སྒྱུར་བཀོད་བྱས་ཏེ། མེ་འཁོར་འབབ་ཚུགས་བྱང་ཕྱོགས་ཀྱི་སྤྱི་ལེ་8.8སར་སྤོས་ནས་གཙོད་ཁྱུ་སྐྱས་སྤོ་བྱེད་རིང་འགྲོ་ལམ་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་དང་། 2024ལོར་མཚོ་བོད་ཚོགས་པ་ཀུང་སིས《མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བའི་ལས་དོན་ཇུས་གཞི》བཀྲམ་སྟེ། ཐོན་ལས་དང་། ནུས་རྒྱུ། སྐྱེལ་འདྲེན་བཅས་ཀྱི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་པ་དང་ཆབས་ཅིག ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་མ་ལག་ལེགས་སུ་བཏང་སྟེ། མཚོ་བོད་ས་མཐོའི་ལྕགས་ལམ་ལྗང་མདོག་དང་། ཐཱན་ཉུང་། སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    “བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལམ་དུམ་ཁག་གཅིག་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་དང་རང་བྱུང་སྲུང་སྐྱོང་ཁུལ་་བརྒལ་དགོས་ཀྱི་ཡོད་པས། ཁོར་ཡུག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་ལ་གདེང་འཇོག་ནན་པོ་བྱེད་དགོས་པ་ནི་མེད་དུ་མི་རུང་བ་ཞིག་རེད”ཅེས་དང་། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས་སྔོ་ཁེབས་ལ་སྲུང་སྐྱོང་བྱ་ཐབས་ནན་པོ་བཟོས་ཏེ། ཨར་ལས་ཁྱབ་ཁོངས་ལ་ཚོད་འཛིན་ནན་པོ་བྱས་ནས་མིས་སྔོ་ཁེབས་ལ་གཏོར་བཤིག་གཏོང་བའི་གནས་ཚུལ་མ་ཐོན་སྔོན་འགོག་བྱས་ཡོད་ཅེས་མཚོ་བོད་ཚོགས་པ་ཀུང་སིའི་འཆར་གཞི་དང་བསྡོམས་རྩིས་པུའི་གཞི་རྩའི་འཛུགས་སྐྲུན་འཆར་འགོད་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཚའེ་ཧུང་གིས་ངོ་སྤྲོད་བྱས།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་འཚོ་གནས་བྱ་ཡུལ་གཙོ་བོ་ཞིག་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་ཡིན་ཞིང་། དེ་ལྷ་ཉིང་ལྕགས་ལམ་གྱི་ལམ་དུམ་ཁག་གཅིག་དང་མཉམ་དུ་འཁེལ་ཡོད། དེས་ན་ལྕགས་ལམ་འཛུཌ་སྐྲུན་དུས་མཚམས་སུ་གནས་སྐབས་ལས་གྲྭ་འཆར་འགོད་ཚན་རིག་དང་མཐུན་པ་བྱས་ཏེ། ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཁུལ་བཟུང་སྤྱོད་བྱེད་ཚད་ཉུང་དུ་བཏང་ཡོད། ལོ་ཁ་ཤས་རིང་སྐྱེ་ཁམས་ལ་བདག་སྐྱོང་ཡག་པོ་བྱས་པ་བརྒྱུད། ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བརྟན་པོའི་ཐུབ་ནས། ལྕགས་ལམ་གཉེར་སྐྱོང་དང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གཉིས་ཞི་མཐུན་མཉམ་གནས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།