ལས་སྣོན་ཞིབ་ཚགས་བྱས་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ།
——བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱི་ཞོག་ཁོག་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ།
ཞིང་ནང་དང་མུ་ཁར་ཐོན་འབབ་བཟང་ཡང་ཕྱིར་ཚོང་དཀའ་བའི་ཞོག་ཁོག་ནས་ཟོག་སྒྲོམ་སྟེང་བསྒྲིགས་པའི་ཕིང་རྩམ་དང་ཕིང་སོགས་ཐོན་རྫས་སྣ་མང་བར་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད། ཞོག་ཁོག་དེ་ཉིད་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐོན་ཁུངས་ཡག་པོ་ཞིག་ཏུ་གྱུར་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱི་ཞོག་ཁོག་ལས་སྣོན་ཞིབ་ཚགས་བཟོ་གྲྭ་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་ཉང་ཆུ་ཧྲེང་ཡོན་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་སི་དེ་2025ལོའི་ཟླ་11ལ་བཙུགས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན། ཀུང་སི་དང་། གྲོང་ཚོ་མཉམ་སྡེབ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གསར་གཏོད་བྱེད་སྟངས་ལ་བརྟེན་ནས་ས་གནས་དེ་གའི་ཞོག་ཁོག་ཕྱིར་ཚོང་གི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལས་བྱུང་བའི་གནས་ཐང་འཕར་བའི་ཡོང་འབབ་ཀྱང་ས་གནས་དེ་གར་བརྟན་པོར་གནས་ཐུབ་པས། ཞིང་ལས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་དང་གྲོང་གསེབ་དར་རྒྱས་མགྱོགས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཀུང་སིར་སྐྱོད་སྐབས་བཟོ་གྲྭའི་ནང་ཞོག་ཁོག་གཙང་འཁྲུད་བྱེད་པ་ནས་གཏུབ་པའི་བར་གྱི་ཐོན་སྐྱེད་ལས་རིམ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་འདུག ངོ་སྤྲོད་བྱས་པར་གཞིགས་ན། བཟོ་གྲྭར་སྦེ་པ་གྲོང་རྡལ་སྲིད་གཞུང་གིས་མ་འཇོག་བྱས་པ་དང་ཕུང་གསུམ་པའི་ཀུང་སིས་གཉེར་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་པས། ལོ་རེར་ཞོག་ཁོག་སོས་པ་ཏུན་100ལས་སྣོན་བྱེད་པའི་ཐོན་སྐྱེད་ནུས་པ་ལྡན་ཡོད།
སྦེ་པ་གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་དང་ཀྲེན་ཀྲང་གཞོན་པ་དངོས་གྲུབ་ཀྱིས“ང་ཚོས་བཅར་འདྲི་བརྟག་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་གསལ། གྲོང་ཚོར་བཏབ་པའི་ཡུལ་དེ་གའི་ཞོག་ཁོག་ཐོན་འབབ་ཅུང་མང་ཡང་ཕྱིར་ཚོང་ཐབས་ལམ་ཡག་པོ་མེད་པས་དཔལ་འབྱོར་གྱི་ཕན་འབྲས་དེ་ཙམ་མང་པོ་ཐོན་མེད། དེའི་ཐོག་ང་ཚོས་ཡུལ་དེ་གའི་བེད་མེད་དུ་ལུས་པའི་ཐོན་ཁུངས་བེད་སྤྱོད་ཀྱིས་སྲིད་གཞུང་གིས་སྒོར་ཁྲི་60.87བཏང་ནས་ཞོག་ཁོག་ལས་སྣོན་ཞིབ་ཚགས་བཟོ་གྲྭ་བཙུགས་ཏེ། ཡུལ་དེ་གའི་ཁེ་ལས་ལ་གཉེར་སྐྱོང་བྱ་རྒྱུར་སྤྲད་ནས་ཡུལ་དེ་གའི་ཞོག་ཁོག་ཕྱིར་ཚོང་དཀའ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་ཐག་བཅད་པ་རེད”ཅེས་བཤད།
ཀུང་སི་དང་། གྲོང་ཚོ་མཉམ་སྡེབ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་གྱིས་ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་ཡོད། ཀུང་སིས་ལོ་ལྟར་མ་འཇོག་བསྡོམས་འབོར་གྱི་3%ལྟར་ལས་སྣོན་བཟོ་གྲྭ་གནས་སའི་སྦེ་པ་གྲོང་རྡལ་དགའ་སྐྱིད་གྲོང་ཚོའི་གྲོང་ཚོ་མཉམ་སྡེབ་ཀྱི་ལོ་འཁོར་གྱི་བགོ་འགྲེམས་ལ་སྤྲད་པ་མ་ཟད། གན་རྒྱ་གཞིར་བཟུང་ས་ཆའི་བོགས་དངུལ་སྒོར་ཁྲི་4ལྷག་ཙམ་སྤྲོད་ཀྱི་ཡོད། གཞན་ཡང་། “མཐའ་སྲུང་ཉོ་སྒྲུབ་དང་། ཁེ་སྤོགས་བགོ་འགྲེམས། ཐག་ཉེ་སར་ལས་ཞུགས་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། ཐོན་ལས་འཁོར་འབྲེལ་གྱི་འཕར་ཐང་ཡོང་འབབ་དེ་མཐའ་འཁོར་མང་ཚོགས་ལ་དེ་བས་རྒྱ་ཁྱབ་ངང་ཐོབ་རྒྱུ་རེད།
ཞོག་ཁོག་གཅིག་གིས་ཞིང་དུད་དང་། གྲོང་ཚོ་མཉམ་སྡེབ། ཁེ་ལས་བཅས་ཟུང་འབྲེལ་བྱས་པ་དང་། ཐོན་ལས་འཁོར་འབྲེལ་ཞིག་གིས་ཕྱིར་ཚོང་གི་གནོན་ཤུགས་ཆུང་དུ་བཏང་ནས་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།