དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བགོ་འགྲེམས་བླངས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ།

    ——མཐོང་དགའ་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་མཐོང་དགའ་སྡེ་ཁུལ་དུ་སྐྱོད་སྐབས་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། 2025ལོའི་ལོ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ཚོགས་ཆེན་འཁྲུག་ཆ་དོད་པོས་འཚོགས་པ་དང་ལྗིད་ཏིག་ཏིག་གི་བགོ་འགྲེམས་བརྒྱབ་པ་ལས་སྡེ་ཁུལ་གྱི་གྲོང་མིའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ་དང་ཐུན་མོང་འབྱོར་ཕྱུག་གི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཁྱིམ་གྱི་སྒོ་འགྲམ་ནས་གསོན་ཉམས་དོད་པོས་མངོན།

    ད་རེས་ཀྱི་བགོ་འགྲེམས་ལས་སྡེ་ཁུལ་གྱི་དུད་ཚང་239ཡི་གྲོང་མི་921ལ་ཕན་པ་ཐོབ་ནས་མི་རེར་སྒོར་ཁྲི་1སྤྲད་པ་དང་དུད་ཚང་རེར་ད་དུང་མར་རྒྱ་མ་30ལེན་རྒྱུ་ཡོད། དེ་ནི་མཐོང་དགའ་སྡེ་ཁུལ་གྱིས་གྲོང་མིར་བགོ་འགྲེམས་བརྒྱབ་པའི་ལོ་12པ་དེ་ཡིན་པ་དང་2013ལོར་ཐོག་མར་མི་རེར་སྒོར་600ནས་ད་ཆའི་མི་རེར་སྒོར་ཁྲི་1སྤྲོད་པའི་བར་བགོ་འགྲེམས་དངུལ་ལྡབ་17ཙམ་འཕར་ཏེ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ནས་གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཁོངས་གཏོགས་ཁུལ་གྱི་དམངས་གཉེར་ཁེ་ལས་གཉིས་ཀྱིས་ད་དུང་རང་མོས་ངང་སྒོར་ཁྲི་11ཞལ་འདེབས་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་20ལ་སྒོར་1000ནས་ཁྲི་2བར་གྱི་འཚམས་འདྲིའི་དངུལ་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཡུལ་མི་ཚོར་ཕན་པ་བསྐྲུན་པ་དང་དྲོ་སྐྱིད་སྦྱིན་ཏེ་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་སེམས་ཁུར་མི་སེམས་སུ་ཟུག་པར་བྱས་ཡོད།

    མཉམ་སྡེབ་དཔལ་འབྱོར་དབྱར་མཚོར་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་སྡེ་ཁུལ་གྱི“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཁེ་ལས། གྲོང་ཚོའི་མཉམ་སྡེབ། མཉམ་ལས་ཁང”བཅས་ཟུང་དུ་སྦྲེལ་བའི་སྣ་མང་འཕེལ་རྒྱས་གཏོང་སྟངས་ལས་ཕན་པ་ཐོབ་པ་ཞིག་རེད། སྡེ་ཁུལ་གྱིས་བྱེ་རྡོ་སྔོག་འདོན་དང་། ས་ཆ་བོགས་གཏོང་། སྐྱེལ་འདྲེན་ཞབས་ཞུ། སྐྱེ་ཁམས་གསོ་སྤེལ་སོགས་ཐོན་ལས་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་པས་ཐོན་ལས་མཉམ་འདུས་འཕེལ་རྒྱས་ཕྱིན་ཡོད། 2025ལོར་སྡེ་ཁུལ་གྱི་ཐོན་ལས་ཆེན་པོ་གསུམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་3600ཟིན་པ་དེ་དག་ཐོན་ལས་འཕེལ་རྒྱས་དང་། གྲོང་མིར་བགོ་འགྲེམས། དེ་བཞིན་གྲོང་མི་ཆིག་སྟོང་ལྷག་ཙམ་གྱི་རྒན་གསོ་དང་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བ་བཅས་ཀྱི་ཐད་སྤྱད་དེ་མཉམ་སྡེབ་ཁེ་སྤོགས་དམངས་ལ་སྤྱོད་ཐུབ་པ་དང་དམངས་འཚོར་ཕན་ཐོགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།