དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འགྲོ་ལམ་ཁག་གསུམ་དུ་གློག་ཆེན་གློག་ཆུང་ས་འོག་ནས་ཁྲིད་པའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཤར་ལམ་དང་། གྲྭ་བཞི་ཤར་ལམ། དར་དམར་ནུབ་ལམ་བཅས་ཀྱི་གློག་ཆེན་གློག་ཆུང་ས་འོག་ནས་ཁྲིད་པའི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་འཛུགས་སྐྲུན་བྱེད་རིང་གཙོ་བོ་གློག་ཆེན་གློག་ཆུང་ས་འོག་ནས་ཁྲིད་པའི་མདོང་ལམ་སྤྱི་ལེ་5ཙམ་གསར་དུ་བསྐྲུན་རྒྱུ་དང་། ལམ་སྒྲོན་གྱི་རྨང་གཞིའི་སྒྲིག་བཀོད་ས་འོག་ཏུ་སྦས་པ་དང་ལམ་ངོས་སླར་གསོ་དུས་གཅིག་ཏུ་བྱ་རྒྱུ། སྤྱིའི་ཨར་སྐྲུན་ལམ་ཐག་སྤྱི་ལེ་2.34ཙམ་ཟིན་རྒྱུ། འཆར་གཞི་ལྟར་ན་ལས་ཡུན་ཉིན་70ཡིན་པ་རེད། ལས་གྲྭ་ལེགས་གྲུབ་ཟིན་རྗེས་གྲོང་ཁུལ་གྱི་གློག་སྐུད་མདོང་ལམ་བཀོད་སྒྲིག་བྱེད་སྟངས་སྔར་བས་ལེགས་སུ་འགྲོ་རྒྱུ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཐུབ་རྒྱུ། གཞུང་ལམ་ཤར་གཏོང་གི་སྤུས་ཚད་མཐོ་རུ་འགྲོ་རྒྱུ་རེད།

    ཨར་ལས་བྱེད་རིང་ཕྱིར་སྐྱོད་སྐབས་ཤུགས་རྐྱེན་ཐེབས་སྲིད་པར་དམིགས་ཏེ། ཨར་ལས་ཕྱོགས་ཀྱིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་འགྲིམ་འགྲུལ་ལམ་སྟོན་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། འགག་རྩའི་ལམ་མདོ་ཁར་སྐོར་སྐྱོད་བརྡ་སྟོན་བྱང་བུ་དང་བདེ་འཇགས་ཉེན་བརྡའི་མཚོན་རྟགས་བཙུགས་པ་མ་ཟད། ཆེད་མི་མངགས་ནས་ལས་ཡུལ་དངོས་སུ་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱས་ཡོད།

    དེ་དང་དུས་མཚུངས་ཨར་ལས་ཚན་པ་ཕྱོགས་ཀྱིས་ད་དུང་བདེ་འཇགས་དང་ཡ་རབས་ཨར་ལས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཨར་ལས་བྱ་ཡུལ་ཡོངས་བཀག་ནས་ལས་ཀ་བྱ་རྒྱུ་དང་། ཆུ་གཏོར་ནས་ཐལ་བ་འཇགས་ཐབས་བྱ་རྒྱུ། ལས་སྒྲུབ་དུས་ཚོད་བཀོད་སྒྲིག་འཚམ་པོ་བྱས་ནས་ཨར་ལས་ཀྱི་འཛེར་སྒྲས་ཉེ་འཁོར་གྱི་ཡུལ་མིར་ཤུགས་རྐྱེན་མི་ཐེབས་པར་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།