རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་2026ལོའི་དུས་ཐེངས་དང་པོའི“སྲིད་གྲོས་སློབ་ཁང”དང“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར”ཞེས་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།
ཟླ་3ཚེས་23ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་2026ལོའི་དུས་ཐེངས་དང་པོའི“སྲིད་གྲོས་སློབ་ཁང”དང“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར”ཞེས་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཕང་ཡུས་གོ་ཆེད་དོན་འཆད་ཁྲིད་བྱེད་པར་གདན་དྲངས་ཡོད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཞུགས་པ་རེད།
ཕང་ཡུས་གོ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པ། བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཕྱོགས་གསུམ་ནས་ཆེད་དོན་ཟུར་ཁྲིད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།