དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲ་ཐོག་ནས་གཡང་ཊིའི་ཕོར་པ་ཚོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    འདི་ནི་པ་སངས་སྒྲོལ་མས་ཐད་གཏོང་བརྒྱུད་རིན་སྤུངས་ཀྱི་གཡང་ཊིའི་ཕོར་པ་ངོ་སྤྲོད་བྱེད་བཞིན་པ།

    འདི་ནི་ཕྱིར་ཚོང་གི་འགན་འཁུར་བ་ཆོས་རྣམ་གྱིས་ཕོར་པ་ཐུམ་སྒྲིལ་རྒྱག་བཞིན་པ།

    བོད་ལྗོངས་རིན་སྤུངས་གཡང་ཊི་བཟོ་ཚོང་ཚད་ཡོད་ཀུང་སིའི་ཕྱིར་ཚོང་ཁང་དུ་ཚོང་པ་པ་སངས་སྒྲོལ་མས་དྲ་ཐོག་ནས་འཛད་སྤྱོད་པར་གཡང་ཊིའི་ཕོར་པ་ངོ་སྤྲོད་བྱེད་སྐབས། གཡང་ཊིའི་ཕོར་པའི་སྤུས་ཚད་གང་འདྲ་ཡོད་མིན་སྐད་ཆ་འདྲི་མཁན་མང་པོ་ཡོད་པ་དང་ཁོང་གིས་ཕོར་པ་ཆེ་ཆུང་ངོ་སྤྲོད་བྱེད་པ་དང་ཆབས་ཅིག་ཕོར་པ་བཟོ་མཁན་གྱི་གཏམ་རྒྱུད་ཀྱང་བརྗོད་ཀྱི་ཡོད། འཁྲིས་སུ་ཡོད་པའི་ཕྱིར་ཚོང་གི་འགན་འཁུར་བ་ཆོས་རྣམ་གྱིས་ཕོར་པ་ཐུམ་སྒྲིལ་བརྒྱབ་ནས་ཤོག་སྒམ་ནང་བླུགས་ཏེ་འཛད་སྤྱོད་པར་སྐུར་རྩིས་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།