ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐུང་ལུན་ལོ་སི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།
ལི་ཆང་གིས་གློག་འཕྲིན་བཏང་ནས་སུང་སའེ་ལོ་སི་སྲིད་གཞུང་གི་ཙུང་ལིར་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐུང་ལུན་ལོ་སི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ནི་ལས་དབང་གཅིག་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་བཟང་པོ་ཡིན་ཞིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་གཏད་དང་ཕན་ཚུན་ལྟ་སྐྱོང་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དེས“བློ་མཐུན་དང་སྤུན་ཟླའི”བརྩེ་སེམས་ཟབ་མོ་མཚོན་གྱི་ཡོད། 2026ལོ་ནི་ཀྲུང་གོ་དང་ལོ་སའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དང“ཀྲུང་གོ་དང་ལོ་སིའི་མཛའ་མཐུན་ལོ”རེད། ཕྱོགས་གཉིས་པོས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”དང་ལོ་སིའི“ལོ་ལྔ་ཚན་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་ལ་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཐད་དེ་བས་རྒྱ་ཆེ་བའི་མདུན་ལམ་བསུ་བཞིན་ཡོད། ངས་ཀྲུང་ལོ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཐུང་ལུན་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་འཆར་གཞི་གསར་པ་བཀོད་ནས། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སླེབས་པར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་རྩ་སྐྲུན་པ་དང་ས་ཁུལ་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཕན་པ་དེ་བས་མང་བ་སྐྲུན་འདོད་ཡོད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གློག་འཕྲིན་བཏང་ནས་སུང་སའེ་ལོ་སི་སྲིད་གཞུང་གི་ཙུང་ལིར་མུ་མཐུད་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ཕྱོགས་གཉིས་པོའི་སྡེ་ཚན་ཁག་དང་ས་གནས་ཁག་གིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཐུན་མོང་ཐོག་མཛུབ་ཁྲིད་བྱས་ཏེ། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།