ཆུ་ཚན་རྒྱག་སྐབས་འདི་དག་ལ་ཡིད་གཟབ་བྱེད་དགོས་འདུག
མི་མང་པོ་ཞིག་གིས་ཆུ་ཚན་བརྒྱབ་ནས་ལུས་གསོ་ནད་བཅོས་བྱེད་ཀྱི་ཡོད། ཡིན་ནའང་ཆུ་ཚན་རྒྱག་སྐབས་ཡིད་གཟབ་མ་བྱས་ན་གནས་ཚུལ་ཐོན་སྲིད་པས། དོ་སྣང་བྱེད་དགོས་པ་གཤམ་གསལ་ཏེ།
1.ཆུ་ཚན་རྒྱག་སྐབས་རང་སོ་སོའི་གཟུགས་པོའི་གནས་ཚུལ་དང་ནད་གཞི་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཉིན་གྲངས་5ནས་21བར་རྒྱག་དགོས།

2.ཆུ་ཚན་བརྒྱབ་ནས་ཉིན་གཉིས་ཡན་སོང་རུང་ད་དུང་མགོ་ན་བ་དང་མགོ་ཡུར་འཁོར་བ། སྙིང་ཁ་དབྱུགས་པ། དངངས་སྐྲག་ལངས་པ། དེ་མིན་ལུས་པོ་ལྕི་པོ་ཡོད་པ་སོགས་ཀྱི་སྣང་ཚུལ་ཐོན་ཚེ་ཆུ་ཚན་རྒྱག་མཚམས་འཇོག་དགོས།

3.ཆུ་ཚན་རྒྱག་སྐབས་ངེས་པར་དུ་རོགས་པ་འཁྲིད་དགོས། གལ་སྲིད་ཆུ་ཚན་རྒྱག་པའི་སྐབས་སུ་གློ་བུར་དུ་གཟུགས་པོ་མི་བདེ་བའམ་ཡང་ན་ནད་གཞི་ཇེ་སྡུག་ཏུ་སོང་ཚེ་རོགས་པས་ཕན་ཐོགས་སྲིད།

འབྲེལ་ཡོད་གསར་འགྱུར།