“《འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ》སྤེལ་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ། འགྲོ་བ་མིའི་ཐོབ་ཐང་ལ་འགྲན་སློང་བྱེད་པར་ཚན་རིག་དང་མཐུན་པའི་ཇུས་གཞིས་ཁ་གཏད་གཅོག”ཅེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་རི་ནེ་ཝར་འཚོགས་པ།
རི་ནེ་ཝ་ནས་ཆ་འཕྲིན་སྤེལ་བར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་རེ་གཅིག་པ་འཚོགས་རིང་། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་ཡར་སྐུལ་ཚོགས་པས་རི་ནེ་ཝར་རྒྱུན་སྡོད་ཀུང་གོའི་འཐུས་མི་ཚོགས་པ་དང་མཉམ་ལས་བྱས་ཏེ། ཉེ་ཆར“《འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ》སྤེལ་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ། འགྲོ་བ་མིའི་ཐོབ་ཐང་ལ་འགྲན་སློང་བྱེད་པར་ཚན་རིག་དང་མཐུན་པའི་ཇུས་གཞིས་ཁ་གཏད་གཅོག”ཅེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་འཚོགས་པ་རེད། རྒྱལ་ཁབ་ཕྱི་ནང་གི་མི་སྣ་100ལ་ཉེ་བ་དེ་གར་འཛོམས་ནས། དམངས་ཁྲོད་རྩ་འཛུགས་ཀྱིས་གྲངས་འཛིན་ལག་རྩལ་སྤྱད་དེ་འཕེལ་རྒྱས་ཀྱི་དབང་ཆར་འགན་སྲུང་ཇི་ལྟར་བྱ་རྒྱུའི་སྐོར་ལ་བགྲོ་གླེང་གཏིང་ཟབ་བྱས་ཤིང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ། གྲངས་འཛིན་གྱི་འགལ་རྐྱེན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། མཐོང་ཆུང་དང་འདྲ་མཉམ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་ནུས་པ་བཏོན་ཡོད།
ཨོ་སི་ཁྲུ་ལི་ཡ་དང་། དབྱིན་ཇི། པེར་ཀྲེམ། ཨུ་རུ་སུ། སུའེ་ཙེར། ཝེ་ཐེ་ནམ་སོགས་རྒྱལ་ཁབ་20ལྷག་ཙམ་ནས་ཡོང་བའི་འཐུས་མི་དང་རྒྱལ་ཁབ་མང་པོའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་། རིགས་གཅིག་མཁས་ཅན། མཁས་དབང་སོགས་ཚོགས་འདུར་ཞུགས་པ་རེད། ཚོགས་ཞུགས་མི་སྣས་ཚན་རྩལ་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དམག་ཟིང་ས་ཁུལ་གྱི་དམངས་ཚོགས་ཀྱི་འཕེལ་རྒྱས་དབང་ཆར་མཐོང་ཆེན་བྱེད་པ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་འཕེལ་རིམ་ནང་ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་བརྗོད་གཞིའི་སྐོར་ལ་སྤེལ་རེས་དང་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།