དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ནེ་མཱ་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-24

    ཚེས་19ཉིན། ཁེན་ནི་ཡའི་ནཱ་ལོ་ཁེ་ཅུན་དུ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ(གཤམ་དུ“ཀྲུང་གོ་འགྲིམ་འགྲུལ་ཚོགས་པ”ཞེས་བསྡུ་རྒྱུ)ཡིས་སྐྲུན་འགན་འཁུར་བའི་ནེ་མཱ་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

    ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་པོའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཚབ་མཚོན་རང་བཞིན་གྱི་ལས་གྲྭ་མོང་སྟེ། ནེ་ལྕགས་ལམ་དང་ནེ་མཱ་ལྕགས་ལམ་གྱི་དུས་ཐེངས་དང་པོའི་འགག་རྩའི་སྣུར་སྲིང་ལམ་ཐིག་ཡིན་པའི་ནེ་མཱ་ལྕགས་ལམ་གྱི་དུས་ཐེངས་གཉིས་པ་ནེ་མཱ་ལྕགས་ལམ་གྱི་དུས་ཐེངས་དང་པོའི་མཐའ་སྣེ་ནེ་ཝ་ཧྲ་ནས་འགོ་བཙུགས་པ་དང་ཁེན་ནི་ཡའི་གྲོང་ཁྱེར་ཆེ་གྲས་ཨང་གསུམ་པ་དང་འགྲིམ་འགྲུལ་གྱི་གནད་འགག་གལ་ཆེན་ཅི་སུའུ་མུའུ་རུ་མཇུག་འགྲིལ་གྱི་ཡོད་ཅིང་། མ་ལམ་དང་ལམ་ལག་གི་སྤྱིའི་ལམ་ཐག་སྤྱི་ལེ་272.65ཟིན་གྱི་ཡོད། རྣམ་གྲངས་དེས་ཨ་ཧྥེ་རི་ཁ་ལྷོ་མའི་ལྕགས་ལམ་དྲ་རྒྱའི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་ཨ་ཧྥེ་རི་ཁའི་ཕན་ཚུན་སྦྲེལ་མཐུད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། ནེ་མཱ་ལྕགས་ལམ་གྱི་ལམ་དུམ་ཡོངས་དང་ཝུ་ཀན་ཏ་རྒྱལ་ཁོངས་ཀྱི་འཆར་འགོད་ཚད་ལྡན་ལྕགས་ལམ་ཡོངས་སུ་བསྐྲུན་ཟིན་རྗེས། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་ནས་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལ་བར་འགྲོ་འོང་བྱེད་པའི་དུས་ཚོད་ཆུ་ཚོད་14ཙམ་ནས་ཆུ་ཚོད་4ཙམ་བར་ཐུང་དུ་དང་ཟོག་འདྲེན་མ་གནས་35%ཙམ་དམའ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།