དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་ར་སྒེར་སྡེམ་གྱི་གྱོད་གཞི་ཁག་22གྱོད་ཐག་བཅད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་19ཉིན། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོ་ནས་བཟུང་། རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོ་ཧྲིལ་པོར་ཁྲོམ་ར་སྒེར་སྡེམ་གྱི་གྱོད་གཞི་ཁག་22གྱོད་ཐག་བཅད་པ་དང་། གཉེར་སྐྱོང་བ་གཅིག་སྡུད་ཀྱི་གྱོད་གཞི་ཁག་706ལ་ཞིབ་གཅོད་བྱས་ཏེ། ཁྲོམ་རའི་འགྲན་རྩོད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་ཏེ། འབྱུང་རྩ་ནས་འགག་སྒོ་ནན་པོ་སྲུང་བར་ཤུགས་སྣོན་བརྒྱབ་པ་དང་། སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱད་དེ་འགྲན་རྩོད་མེད་པར་བཟོ་བ་དང་འགྲན་རྩོད་ལ་ཚོད་འཛིན་བཟོ་བའི་གྱོད་གཞི་ཁག་96གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་པ་རེད། 2026ལོར་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བར་དམིགས་ཏེ། དྲང་གཞག་འགྲན་རྩོད་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱེད་པ་དང་། ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་བ། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། “ནང་རྨུག་རྣམ་པའི”འགྲན་རྩོད་བཅོས་སྒྲིག་གཏིང་ཟབ་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལྟ་འདོམས་ཀྱི་ནུས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།