དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཀན་ཅེས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-24

    ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་དང་ཕྱིར་སྡོད་སྤུན་ཟླའི་ནུས་སེམས་གཅིག་ཏུ་བསྒྲིལ་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་18ནས་ཚེས་21ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆབ་སྲིད་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ནུས་པ་འདོན་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཕྱིར་སྡོད་རང་མིའི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    ལི་ཀན་ཅེ་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་དང་། ཡུས་ཤིས་གྲོང་ཁྱེར། ཁུན་མིང་གྲོང་ཁྱེར་བཅས་སུ་ཕེབས་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཀྲུང་གོ་ཕ་ལི་སྐད་ཁོངས་མཐོ་རིམ་ནང་བསྟན་སློབ་གླིང་དང་ཡུན་ནན་ནང་བསྟན་སློབ་གླིང་ཤིས་ཧྲོང་པན་ན་ཡན་ལག་སློབ་གླིང་དུ་ཕེབས་ཏེ། སློབ་གསོ་སློབ་ཁྲིད་ལ་ཁྲིམས་ལྟར་ཤུགས་སྣོན་དང་དོ་དམ་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། བརྟག་ཞིབ་གནང་རིང་། ལི་ཀན་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པར་དམིགས་ཏེ་བསམ་འཆར་དང་གྲོས་འགོ་གསན་པ་རེད། ལི་ཀན་ཅེས་གསུངས་དོན། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། དགོངས་དོན་གྱི་སྙིང་པོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡག་པོ་ཆུད་པ། ཆོས་ལུགས་ལས་དོན་གྱི་ཤུགས་རྒྱག་ས་དང་གཞི་རྩའི་རྩ་དོན་ཁོང་དུ་ཡང་དག་ཆུད་པ། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས། ཆོས་ལུགས་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྲིད་ཇུས་ཀྱི་ཚད་གཞིར་སྟངས་འཛིན་བྱེད་པ། དྲིལ་བསྒྲཌ་དང་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་པོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཡིག་ཆ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་གྲངས་མཐིལ་རྟོགས་དང་གནས་ཚུལ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་སྣང་ཚུལ་ངན་པར་བཅོས་སྒྲིག་རྒྱུན་མཐུད་བྱེད་པ། དད་ལྡན་མང་ཚོགས་ལ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བཅས་བྱས་ནས། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོར་རང་རྟོགས་ངང་བཀག་འགོག་བྱེད་དགོས། དཔུང་ཁག་ཧྲག་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་ལ་ཞུན་བརྡར་སྤྲས་ནས། རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས་བཅས་བྱེད་པའི་ཆོས་ལུགས་ལས་རིགས་ཀྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

    ལི་ཀན་ཅེས་ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་དུ་ཕེབས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ངོ་སྤྲོད་གསན་པ་དང་། མི་རིགས་མང་པོ་འདུས་སྡོད་ཀྱི་གྲོང་སྡེར་ཕེབས་ནས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གནས་ཚུལ་ལ་བརྟག་ཞིབ་གནང་བ། ཕྱིར་སྡོད་རང་མི་དང་འབྲེལ་བའི་ལོ་རྒྱུས་དང་རིག་གནས་ཁང་དང་། ཕྱིར་སྡོད་རང་མི་གསར་པའི་གསར་གཏོད་ལས་གཏོད་རྟེན་གཞི། ཀྲུང་གོའི་སྐད་ཡིག་སློབ་གླིང་བཅས་ལ་རྟོག་ཞིབ་གནང་ནས། ལོ་རྒྱུས་དང་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་། ཕྱིར་སྡོད་རང་མིར་ཞབས་ཞུ། རྒྱ་ཡིག་སློབ་གསོའི་ལས་དོན་བཅས་ལ་མཁྱེན་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།