རང་རྒྱལ་གྱི་ས་ཞིང་གི་སྤྱིའི་ཐོན་སྐྱེད་དང་སྐྱེ་ཁམས་བྱེད་ནུས་བརྟན་ཐོག་ཡར་འཕེལ་བྱུང་བ།
གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ནས་ཤེས་རྟོཌ་བྱུང་བར། གསར་དུ་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་ས་ཞིང་དང་སའི་གོ་ལའི་རྫས་འགྱུར་ལྟ་ཞིབ་ཚད་ལེན་སྙན་ཞུ་2025》ནང་། རང་རྒྱལ་གྱི་ས་ཞིང་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ནས་ས་རྒྱུ་དེ་བས་གཤིན་དུ་འགྲོ་བཞིན་ཡོད་པ་མངོན་ཡོད།
ཞིབ་འཇུག་མི་སྣས་1995ལོ་དང་། 2016ལོ། 2023ལོ་བཅས་དུས་ཐེངས་གསུམ་གྱི་འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁག་ཁྲི་50ལྷག་ཙམ་རྨང་གཞིར་བྱས་ཏེ་དབྱེ་ཞིབ་བྱས་ནས་ཤེས་རྟོགས་བྱུར་བར། 2023ལོར་རྒྱལ་ཡོངས་ཀྱི་ས་ཞིང་དང་སའི་གོ་ལའི་རྫས་འགྱུར་གྱི་ཕྱོགས་བསྡུས་རིམ་པ་འབྲིང་བ་དང་དེ་ཡན་གྱི་གནས་ཐིག་བཟུང་ཚད་92.6%ཟིན་པ་དེ་1995ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.4འཕར་ནས། ས་ཞིང་གི་སྤྱིའི་ཐོན་སྐྱེད་དང་སྐྱེ་ཁམས་ཀྱི་བྱེད་ནུས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ས་རྒྱུའི་འཚོ་བཅུད་མཁོ་སྤྲོད་ཀྱི་གཏིང་ཤུགས་སྤྱི་ཡོངས་ནས་ཆེ་རུ་ཕྱིན་ཏེ། ས་རྒྱུའི་ཆུ་སྲུང་དང་ལུད་སྲུང་དང་གནམ་གཤིས་འགྱུར་ལྡོག་འགོར་དུ་གཏོང་བའི་བྱེད་ནུས་སྤྱི་ཡོངས་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ལྟ་ཞིབ་ཚད་ལེན་བྱེད་རིང་། རང་རྒྱལ་གྱི་བྱང་ཤར་དང་། ནུབ་བྱང་། མཚོ་བོད་བཅས་ས་ཁུལ་གྱི་ས་ཞིང་དང་སའི་གོ་ལའི་རྫས་འགྱུར་གྱི་ཕྱོགས་བསྡུས་རིམ་པ་འབྲིང་བ་དང་དེ་ཡན་གྱི་གནས་ཐིག་བཟུང་ཚད་མཐོ་རུ་སོང་བ་དང་དེའི་ནང་མཚོ་བོད་ས་ཁུལ་གྱི་སྐྱེ་ལྡན་ཐཱན་འདུས་ཚད་ཀྱི་དཀྱིལ་གནས་གྲངས་ཐང་141.4%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།