དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་ཡི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་། ཡའོ་ཞུའེ་ཆིང་།   |     སྤེལ་དུས།  2026-03-24

    འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྲུབ་འབྲས་ནུས་ཆེ་གཞན་སྒྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། 2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱེད་པར་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་དམིགས་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཅང་སུའུ་ཡི་མཐོ་གསར་ཁུལ་18དང་མཐོ་སློབ་37མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་ཕྱོགས་གཉིས་དབར་མཐུན་རྐྱེན་སྦྱར་ཏེ “སྒྲིག་འཛུགས་ཡོད་པའི་ཚན་ཞིབ་དང་སྒྲིག་འཛུགས་ཡོད་པའི་གཞན་སྒྱུར”ཟུང་དུ་འབྲེལ་བའི“མཐོ་བ་གཉིས་མཐུན་སྦྱོར”གྱི་བྱེད་སྟངས་འཚོལ་ཞིབ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    ལེགས་ཆའི་ཐོན་ལས་ལ་བརྟེན་ནས་རིག་ཚན་ཆེད་ལས་བཙུགས་པ།

    མིག་སྔར། ནན་ཅིང་སློབ་ཆེན་སུའུ་ཀྲོའུ་མཐོ་གསར་ཁུལ་དུ་བཙུགས་པའི་སློབ་ཁུལ་གསར་པ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཡོད། “ང་ཚོས་སུའུ་ཀྲོའུ་ཐོན་ལས་ཀྱི་དོན་དངོས་ལ་དམིགས་ནས་འདུས་གྲུབ་གློག་ལམ་དང་། འཕྲུལ་མི། རང་འགུལ་ཅན་སོགས་སློབ་གླིང་ཆེན་པོ་བཅུ་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད”ཅེས་དང་ནན་ཅིང་སློབ་ཆེན་གྱི་སློབ་སྤྱིའི་ལས་རོགས་ཅང་ཐེན་གྱིས་འདུས་གྲུབ་གློག་ལམ་སློབ་གླིང་དང་སྣེ་འདྲེན་ཁེ་ལས་ཁྲང་ཀོང་ཧྭ་ཤིན་གྱིས་གཙོ་གནད་ཚོད་ལྟ་ཁང་མཉམ་སྐྲུན་བྱས་ཏེ། སླད་ཕྱིན་གྱི་རྩེར་སོན་བཀོལ་སྤྱོད་ལ་ལག་རྩལ་གྲབས་གསོག་བྱས་ཡོད་ཅེས་དཔེ་དྲངས་ནས་བཤད།

    “2025ལོ་ནས་བཟུང་། ཅང་སུའུ་ཡི‘མཐོ་བ་གཉིས་མཐུན་སྦྱོར’གྱི་ཚོད་ལྟའི་ཚན་པས་རིམ་རྩིས་བརྒྱབ་ན་ཐོན་སློབ་ཞིབ་གསུམ་སྦྲེལ་མཐུད་དང་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་ཐེངས་594སྒྲིག་འཛུགས་བྱས་པ་དང་། ལག་རྩལ་འགག་སྒྲོལ་རྣམ་གྲངས་ཁག་779མཉམ་ལས་བྱས་ནས་སྤེལ་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་17.4ལྷག་ཙམ་བཏང་ཡོད”ཅེས་ཅང་སུའུ་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་ཞུས་ཀོང་ཧུའེ་ཡིས་ངོ་སྤྲོད་བྱས།

    རིག་ཚན་རྩེར་སོན་ལ་དམིགས་ནས་ཐོན་ལས་ཀྱི་འགྲན་ལམ་བཀོད་སྒྲིག་བྱས་པ། “ཀུང་སི་གཉེར་སྐྱོང་བྱས་མ་ཐག་སྒོར་ཁྲི་70ཡི་མངགས་ཐོ་ཞིག་རག་བྱུང”ཞེས་ཝུའུ་ཤིས་མཐོ་གསར་ཁུལ་གྱི་བཟོ་གྲྭ་གསར་པར་ཧོ་ཐང་སྐྱེ་དངོས་འདུ་འགོད(ཝུའུ་ཤིས)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཅང་ནན་སློབ་ཆེན་སྐྱེ་དངོས་འདུ་འགོད་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཧུང་ཐའོ་ཡིས་དགའ་ཚོར་ཆེན་པོས་བརྗོད།

    མིག་སྔའི་བར། ཚོད་ལྟའི་མཐོ་གསར་ཁུལ་གྱིས་ཁེ་ལས་ཀྱི་མཐའ་སྣེའི་ལག་རྩལ་དགོས་མཁོ་383གསེད་བཀྲོལ་བྱས་པ་དང་། ཚོད་ལྟའི་མཐོ་སློབ་ཀྱིས་གཞན་སྒྱུར་ཆོག་པའི་ཚན་རྩལ་གྲུབ་འབྲས་ཁག་1040གསེད་བཀྲོལ་བྱས་པ་དང་འབྲེལ། ཁེ་ལས་ཀྱི་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་དེ་དག་གློག་རྡུལ་ཆ་འཕྲིན་དང་། སྔོན་ཐོན་བཟོ་སྐྲུན། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས། དེ་རྒྱལ་ཁབ་མཐོ་གསར་ཁུལ་གྱི་འགྲན་ལམ་གསར་པ་སྐྱེད་སྲིང་བྱེད་པའི་གཙོ་གནད་གླིང་ཁུལ་9ཡི་ནང་ཚུད་ཡོད་པ་རེད།

    སྒྱུར་བཅོས་ཟབ་ཏུ་བཏང་ནས་འགག་གནད་བསལ་བ།

    རིག་གཞུང་གོང་དུ་སྤེལ་ལམ་ཡང་ན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ནམ། ད་ལྟ་ནི་དེ་གཉིས་གང་ཞིག་གདམ་ག་བྱེད་མིན་རྩོད་པའི་དུས་མིན།

    ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་པའི་འབུམ་རམས་པ་ཧོ་ཕུང་ཉེ་ཆར་སུའུ་ཀྲོའུ་ཚན་རྩལ་སློབ་ཆེན་དང་སུའུ་ཀྲོའུ་མཐོ་གསར་ཁུལ་གྱི་མི་ཐབས་རིག་ནུས་ཁེ་ལས་སུ་དུས་གཅིག་ལ་ལས་ཀར་ཞུགས་པ་དང་། སློབ་གྲྭ་དང་ཁེ་ལས་དབར“རང་མོས་བརྗེ་རེས”བྱ་རྒྱུ་བྱུང་བ་དེ་ཅང་སུའུ་ཡིས་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་རེད། ཅང་སུའུ་ཡིས《“མཐོ་གཉིས་མཐུན་སྦྱོར”གྱི་སྲིད་ཇུས་ཕྱོགས་སྟོན་གསལ་ཐོ》དང《“མཐོ་གཉིས་མཐུན་སྦྱོར”གྱི་སྒྱུར་བཅོས་ཁྲིད་སྟོན་གསལ་ཐོ》བཏོན་ནས་ཚོད་ལྟའི་མཐོ་སློབ་ཀྱིས་མཉམ་འབྲེལ་ཐོག་མཐོ་གསར་ཁུལ་དང་ཆ་སྒྲིག་བྱས་ཏེ། “སློབ་གྲྭ་དང་ཁེ་ལས་ཀྱིས་ཤེས་ལྡན་པ་མཉམ་སྤྱོད”དང“སློབ་གྲྭས་གདན་ཞུ་དང་ཁེ་ལས་ཀྱིས་སྤྱོད་པ”སོགས་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་བར། ཅང་སུའུ་ཡི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་ཀྱི་52.1%བཟུང་ནས་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་6.1ལྷག་ཙམ་ཟིན་པ་དང་ཞིབ་སྤེལ་མི་སྣ་ཁྲི་126ལས་བརྒལ་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་མདུན་སྐྱོད་བྱ་ཆེད། ཅང་སུའུ་ཡིས་ཚན་སློབ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མཐོ་གསར་ཁུལ་གྱི་སྟོབས་ཤུགས་ཆེ་བའི་ལེགས་ཆ་བཏོན་ནས‘མཐོ་གཉིས་མཐུན་སྦྱོར’བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།