2026ལོའི་རྒན་གསོའི་ལྟ་སྐྱོང་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2026ལོའི“བུད་མེད་ཀྱིས་རྒན་རྒོན་ལ་ལྟ་སྐྱོང་བྱེད། རྩལ་ནུས་ལ་བརྟེན་ནས་ས་མཐོར་དྲོ་སྐྱིད་སྦྱིན་པའི”རྒན་གསོའི་ལྟ་སྐྱོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་དང་སློབ་མ་30འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་20ཡིན་པ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་དངོས་སྦྱོང་ནང་སྦྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ཅིང་། གསོ་སྦྱོང་གི་ནང་དོན་ལ་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ལས་རིགས་ཀྱི་ངེས་ཤེས་དང་། འཚོ་བའི་ལྟ་རྟོག་གི་རྩལ་ནུས་མཐོར་གཏོང་། སེམས་ཁམས་ཁྲིད་སྟོན། དེ་བཞིན་འཕྲལ་སྡོམ་ཐག་གཅོད་ཀྱི་རིགས་པའི་གཞུང་ལུགས་དང་དངོས་སྦྱོང་། ཆེད་ལས་བདག་སྐྱོང་རྩལ་ནུས་ཤེས་བྱ་ཟབ་གཏོང་སོགས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།