དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ལུས་རྩལ་པར་མར་སུན་འགྲན་རྒྱུག་ཁག་མང་པོའི་ཁྲོད་གྲུབ་འབྲས་ཡག་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-24

    གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་ལྗོངས་ཀྱི་ལུས་རྩལ་པར་མར་སུན་འགྲན་རྒྱུག་ཁག་མང་པོའི་ཁྲོད་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

    ཟླ་3ཚེས་15ཉིན། 2026ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་འགྲན་རྒྱུག་ལེགས་སྐྱེས་འགྲན་བསྡུར་དེ་སི་ཁྲོན་ཞིང་ཆེན་མའེ་ཧྲན་གྲོང་ཁྱེར་རེན་ཧྲའུ་རྫོང་དུ་བྱས་པ་རེད།

    སྐྱེས་པའི་ཚོགས་ཆུང་གི་ལམ་ཕྱེད་མར་སུན་འགྲན་རྒྱུག་ལེགས་སྐྱེས་འགྲན་བསྡུར་ནང་རང་ལྗོངས་ཀྱི་འགྲན་ཞུགས་པ་བཀྲ་ཤིས་ཚེ་རིང(རྒན་པ)ལ་ཆུ་ཚོད་1དང་སྐར་མ་2དང་སྐར་ཆ་39ཡི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་པ་དང་མི་སྒེར་གྱི་གྲུབ་འབྲས(PB)ཡག་ཤོས་བཏོད་པ་དང་། བསོད་ནམས་ཚེ་རིང་ལ་ཆུ་ཚོད་1དང་སྐར་མ་2དང་སྐར་ཆ་42ཀྱི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་ཐོབ་པ་དང་མི་སྒེར་གྱི་གྲུབ་འབྲས(PB)ཡག་ཤོས་བཏོད་པ། དེས་མ་ཟད་བསོད་ནམས་རྡོ་རྗེ་དང་། གཡང་འཛིན་ལྷ་མོ། དོན་གྲུབ་སྒྲོལ་མ། བསྟན་འཛིན་ཆོས་སྒྲོན། ཆོས་ཉིད་སྒྲོལ་མ། བཀྲ་ཤིས་ཆོས་སྐྱིད་བཅས་ལུས་རྩལ་པ་དྲུག་པོ་ཚང་མས་ཀྱང་མི་སྒེར་གྱི་གྲུབ་འབྲས(PB)ཡག་ཤོས་བཏོད་ཡོད།

    དེ་ཉིན། 2026ལོའི་ཧྲན་མེ་ཧྲེ་·ཉིང་པོ་མར་སུན་འགྲན་རྒྱུག་ཀྱང་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་འགྲན་ཞུཌ་པ་ཚེ་རིང་མཚོ་མོར་ཆུ་ཚོད་2དང་སྐར་མ་28དང་སྐར་ཆ་08ཀྱི་གྲུབ་འབྲས་ཐོག་ནས་ལམ་ཚད་ཧྲིལ་པོའི་མར་སུན་འགྲན་རྒྱུག་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་མ་ཟད། འགྲན་བསྡུར་གྱི་ཟིན་ཐོ་གསར་པ་ཡང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།