རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོའི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
གསེར་གྱི་རྟཌ་མ་6དང་། དངུལ་གྱི་རྟཌ་མ་4 ཟངས་ཀྱི་རྟཌ་མ་3རག་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་13ནས་20ཉིན་བར། 2026ལོའི“པོ་ཤིས་ཧོ་བུམ་པའི”རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོའི་འགྲན་བསྡུར་ཧེ་ལུང་ཅང་ཡ་པུའུ་ལི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་གཉེར་བ་རེད། ད་རེས་ཀྱི་འགྲན་བསྡུར་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ནས་ཡོང་བའི་འཐུས་མི་རུ་ཁག་12ཀྱི་ལུས་རྩལ་པ་140ལྷག་ཙམ་ཞུགས་ཤིང་། རང་ལྗོངས་ཀྱི་ལུས་རྩལ་པ་19ཡོད་པ་རེད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་ལུས་རྩལ་པས་གསེར་གྱི་རྟགས་མ་6དང་། དངུལ་གྱི་རྟཌ་མ་4 ཟངས་ཀྱི་རྟགས་མ་3བླངས་ཡོད། དེའི་ནང་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་ཤུད་པང་གྱེན་འཛེགས་འགྲན་བསྡུར་དང་། མི་སྒེར་གྱི་བྱེས་བགྲོད། ཐག་ཐུང་། མཉམ་བསྲེས་རྒྱུག་མཐུད་བཅས་ཀྱི་ཨང་དང་པོ་བཞི་ཐོབ་པ་དང་། རིག་འཛིན་ཆོས་འཛོམས་ལ་བུད་མེད་ཀྱི་U14ཡི་དྲང་འཕྱང་མྱུར་ཚད་འགྲན་བསྡུར་དང་མི་སྒེར་གྱི་བྱེས་བགྲོད་ཀྱི་ཨང་དང་པོ་གཉིས་ཐོབ་པ། ཀུན་བཟང་རྣམ་རྒྱལ་ལ་མཉམ་བསྲེས་རྒྱུག་མཐུད་ཀྱི་ཨང་དང་པོ་དང་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་ཀྱི་ཨང་གསུམ་པ་ཐོབ་པ། བསྟན་འཛིན་ཆོས་འཕེལ་ལ་སྐྱེས་པའི་དྲང་འཕྱང་མྱུར་ཚད་འགྲན་བསྡུར་དང་ཐག་ཐུང་གི་ཨང་གཉིས་པ་གཉིས་ཐོབ་པ། ཚེ་དབང་རྡོ་རྗེར་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་ཀྱི་ཨང་གཉིས་པ་དང་དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ། གཡུ་སྒྲོན་ལྷ་མོར་བུད་མེད་ཀྱི་དྲང་འཕྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་དང་མི་སྒེར་གྱི་བྱེས་བགྲོད་ཀྱི་ཨང་གསུམ་པ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།