སྐྱེ་ཁམས་སླར་གསོར་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པར་བྱས་པ།
—— 2025ལོའི་མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ།
དཔྱིད་ཟླ་གསུམ་པར་མངའ་རིས་སུ་གྲང་ངར་ཆེ་ཡང་དཔྱིད་དཔལ་རབ་ཏུ་བཞད། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱང་རིར་འདེགས་སྐྱོར་སྒྲོམ་གྱི་སྲུང་སྐྱོང་འོག་སྡོང་ཕྲུག་མང་པོ་གྲལ་སྟར་འགྲིག་པོར་སྐྱེ་འཚར་ཡག་པོ་ཡོད་པ་དང་། ལྗང་མདོག་བདག་སྐྱོང་ར་སྐོར་མང་པོ་ཞིག་བཙུཌ་ཡོད། བྱང་རི་སྔོ་འགྱུར་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་འགན་འཁུར་བ་ལི་ཧྲུན་ཅུན་གྱིས་ནགས་ཁུལ་དུ་སྐོར་ཞིབ་ཞིབ་ཚགས་བྱས་ནས་ནགས་ཤིང་དགུན་སྒྲོལ་དང་བདག་སྐྱོང་གི་གནས་ཚུལ་ཐོ་འགོད་ནན་ཏན་བྱེད་བཞིན་ཡོད། “ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་ཕྲུག་འདེམས་པ་དང་། འདེབས་འཛུགས་ཚད་ལྡན། བདག་སྐྱོང་ཞིབ་ཚགས་བཅས་བྱེད་ཀྱི་ཡོད་པས། སྡོང་ཕྲུག་གསོན་ཚད་85%ཡན་རྒྱུན་འཁྱོངས་ཐུབ་ཡོད། དབྱར་དུས་སུ། ལྗོན་ཤིང་ལ་ཡལ་འདབ་རྒྱས་ནས་གནས་འདི་སེང་གེ་ཁ་འབབ་གྲོང་རྡལ་གྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་མཛེས་ལྗོངས་ཤིག་ཏུ་འགྱུར་ངེས་རེད”ཅེས་ལི་ཧྲུན་ཅུན་གྱིས་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོའི་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས། མངའ་རིས་ཀྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ། མང་ཚོགས་ཀྱི་སྐྱིད་སྣང་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་དགའ་ཚོར་ཆེན་པོས་བརྗོད།
2025ལོར། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞིའི(2025ལོ་ནས་2027ལོའི་བར)》བཀོད་སྒྲིག་ལ་དམ་པོར་དམིགས་ནས། ས་ཁོངས་ཡོངས་སུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་7.2456བཏང་ནས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.833བྱས་ཡོད། རྩྭ་ཐང་སླར་གསོ་དང་བྱེ་འགྱུར་བཅོས་སྐྱོང་ལ་མཉམ་དུ་ཤུགས་བརྒྱབ་ཅིང་། ན་ནིང་། མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་5028.23བརྩོན་ལེན་བྱས་ནས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཁག་7ལག་བསྟར་བྱས་པ་དེ་མཚོ་ཆེན་རྫོང་དང་། སྤུ་ཧྲེང་རྫོང་། སྒར་རྫོང་། རྩྭ་མདའ་རྫོང་། སྒེར་རྩེ་རྫོང་སོགས་ལ་ཁྱབ་པ་དང་། སླར་གསོའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་17.5ཟིན་ཡོད། ཆེད་དོན་མ་དངུལ་སྒོར་ཁྲི་6600བརྩོན་ལེན་བྱས་ནས་བྱེ་འགྱུར་ས་ཞིང་རྒྱ་བསྡམས་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་ཁག་3ལ་སྐུལ་འདེད་བཏང་བ་དང་། རྒྱ་བསྡམས་སྲུང་སྐྱོང་ས་ཞིང་གི་རྒྱ་ཁྱོན་མུའུ་ཁྲི་44.01ཟིན་ཏེ། སྐྱེ་ཁམས་ཉམས་ཞན་ཁུལ་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་མངོན་གསལ་དོད་དུ་ཕྱིན་ཡོད།
སྐྱེ་ཁམས་ལེགས་སུ་ཕྱིན་པ་དང་བསྟུན་ནས་མང་ཚོགས་ལ་འབབ་འཕར་བྱུང་ཞིང་། 2025ལོར། མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་འདུ་འགོད་ཀྱིས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་5851.512འཕར་བར་སྐུལ་ཁྲིད་ཐུབ་པ་དང་། དེའི་ནང་ངལ་ནུས་གླ་ཆ་སྒོར་ཁྲི་4152.392དང་སྡོང་ཕྲུག་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1699.12བྱུང་ཡོད། རུ་ཐོག་རྫོང་གི་མཚོ་མོ་ངང་ལྷའི་རྒྱ་ལྕང་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་ལོ་ཧྲིལ་པོར་མྱུ་གུ་ཁེར་རྐྱང་རྐང་ཁྲི་7.56དང་རྩ་སྤོས་ཤིང་སོན་རྐང་ཁྲི་114ལྷག་ཙམ་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི་1008.49བྱུང་སྟེ། སྡོང་ཕྲུག་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་དང་འཚོ་བ་དེ་བས་སྐྱིད་དུ་ཕྱིན་ཡོད།
“སྐྱེ་ཁམས་འཛུགས་སྐྱོང་ཐད་ས་མཐོའི་སྐྱེ་ཁམས་ཀྱི་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་དགོས་ལ། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་དེ་བས་ཐོབ་པར་བྱེད་དགོས”ཞེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ(ནགས་བཟོ)ཡི་ཁོའོ་ཀྲང་འགྱུར་མེད་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས། 2025ལོར་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་སྤེལ་སྐབས་མང་ཚོགས་ནགས་བཟོ་དང་། བདག་སྐྱོང་། སྡོང་ཕྲུག་འདེབས་གསོ་སོགས་ཀྱི་ལས་ཀར་བསྡུས་པས། སྔོ་འགྱུར་འདུ་འགོད་དེ་ཉིད་དམངས་ཕན་འདུ་འགོད་དང་དམངས་ཕྱུག་འདུ་འགོད་ཅིག་ཏུ་དངོས་འབྲེལ་གྱུར་ཡོད། དེ་དང་ཆབས་ཅིག མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞིའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། 2026ལོར་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་ཁག་66ལག་ལེག་བསྟར་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་54642.78གཏོང་རྒྱུ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་41052.7283ལེགས་གྲུབ་བྱེད་རྩིས་ཡོད། མིག་སྔར། མ་དངུལ་སྒོར་ཁྲི་26427.33བཏང་ནས་རྣམ་གྲངས་ཁག་27གྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་ཡོད་ལ། རྣམ་གྲངས་ཁག་39ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་དང་། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་མུའུ་38839ཡི་སྔོ་འགྱུར་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།