དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྤྱོད་གཙང་ལས་སྒྲུབ་ཀྱི་གཏན་འབེབས》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྤྱོད་གཙང་ལས་སྒྲུབ་ཀྱི་གཏན་འབེབས》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་དང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྤྱོད་གཙང་ལས་སྒྲུབ་ལས་དོན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། སྤྱོད་གཙང་རང་གཅུན་བཅས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པར་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས།

    གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པས་སྤྱོད་གཙང་ལས་སྒྲུབ་བྱེད་པར་གཤམ་གསལ་གྱི་ལས་དོན་སྒྲུབ་དགོས་པ་སྟེ།

    གཅིག ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    གཉིས། རང་འགན་ཐེག་པ་འཁུར་ལེན་དང་། གསར་གཏོད་བྱེད་ཕོད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལག་བསྟར། ཁེ་ལས་ཀྱིས་ལྟེ་བའི་བྱེད་ནུས་དང་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞུང་ཁོངས་རྒྱུ་ནོར་གནས་ཐང་སྲུང་འཕར་ཡོང་བ་བྱེད་དགོས།

    གསུམ། སྒྲིག་སྲོལ་དང་བཅའ་ཁྲིམས་གཞིར་བཟུང་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་བཅས་ལ་བརྩི་སྲུང་ཞུ་བ་དང་། དབང་ཆ་གཟབ་ནན་སྤྱོད་པ་དང་མཐའ་ཚད་ནན་པོ་སྲུང་བ། གཞུང་སྒེར་ཁ་གསལ་དང་ཁ་དན་ཚིག་གནས་བཅས་བྱས་ཏེ། ཉེན་ཁ་འགོག་ཟོན་དང་སེལ་དགོས།

    བཞི། དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

    ལྔ། སྤྱོད་ཚུལ་ཉམས་སད་ཐེག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱས་ཏེ། གཞུང་ཁོངས་ཁེ་ལས་ཀྱི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་བཅས་རེད།

    རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་ལས་དོན་ལས་ཁུངས་ཀྱི་ཞིབ་ཕྲའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྤྱོད་གཙང་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བཅས་བྱས་ཏེ། གཞུང་ཁོངས་ཁེ་ལས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཨུད(ཏང་ཙུའུ)ལ་གཞོགས་འདེགས་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པའི་སྤྱོད་གཙང་ལས་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་བསྙེས་ཁེ་ཟ་དང་ཁེ་ཕན་ཐོབ་རྩོད་སོགས་བརྒྱུད་རིམ་རང་བཞིན་གྱི་རུལ་སུངས་བྱེད་སྤྱོད་ལ་ཉེས་ཆད་ནན་པོ་གཅོད་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་གཞུང་ཁོངས་རྒྱུ་ནོར་གྱི་མ་དངུལ་གཏོང་མིའི་འགན་འཁྲི་འཁུར་མཁན་སྡེ་ཚན་དང་། སྒྲིག་གཞི། འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གཞན་དག་བཅས་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགན་ནུས་དང་འགན་འཁྲི་གཞིར་བཟུང་། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།