2026ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་རང་ལྗོངས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་201ལྷག་ཙམ་སྐྱེལ་འདྲེན་བྱས་པ།
གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་40ཡི་དཔྱིད་གསར་སྐྱེལ་འདྲེན་རིང་ལྗོངས་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་201.5སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་5ཟིན་པ་དེ་2025ལོ་ལས་20.08%འཕར་ནས་ཉེ་བའི་ལོ་ཤས་རིང་དཔྱིད་གསར་སྐྱེལ་འདྲེན་འགྲུལ་རྒྱུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
བོད་ཀྱི་དམངས་ཕན་གནམ་གྲུའི་སྤ་སེའི་གཟིགས་སྐྱོང་སྲིད་ཇུས་སོགས་ཀྱིས་རྐྱེན་པས་དམངས་སྤྱོད་མཁའ་འགྲུལ་བརྒྱུད་ཕྱིར་ཐོན་པ་དེ་རང་ལྗོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་གཙོ་ཤུགས་ལ་གྱུར་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་91.4ཟིན་ཏེ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བསྡོམས་འབོར་གྱི་45%བཟུང་ནས་དུས་མཚུངས་ལས་21.65%འཕར་ཡོད། གཞུང་ལམ་འགྲུལ་སྐྱེལ་གྱི་འཕར་ཚད་མང་ཤོས་ཡིན་ཞིང་། འགྲུལ་པ་མི་ཐེངས་ཁྲི་70.2སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་29.63%འཕར་ནས་35%བཟུང་ཡོད། ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་39.9སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་3.57%འཕར་ནས་བསྡུར་ཚད་20%བཟུང་བ་བཅས་ཀྱིས་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། དམངས་སྤྱོད་མཁའ་འགྲུལ་དང་གཞུང་ལམ་གྱི་གཞོགས་འདེགས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་འགྲུལ་པ་ཕྱིར་སྐྱོད་ལ་གདམ་ག་དེ་བས་མང་བ་བྱུང་བ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།