དབུ་ཤོག
  • ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་རྒྱུ་མ་ཟད་དྲོད་ཚད་ཀྱང་ཆག་པ་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-03-23

    སྔོན་དཔག་བྱས་ན། མ་འོངས་ཉིན་10(ཟླ་3ཚེས་23ཉིན་ནས་ཟླ་4ཚེས་1ཉིན་བར)ཡི་རིང་། རང་ལྗོངས་སུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་ཞིང་། དེའི་ནང་ཚེས་23ནས་25ཉིན་བར་དང་ཚེས་27དང་28ཉིན་གངས་སམ་ཆར་པ་ཐེངས་གཉིས་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆེ་ཙམ་འབབ་རྒྱུ་རེད། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ཚེས་23ནས་25ཉིན་བར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེ་བ་རིམ་པ་6ནས་7བར་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་8ནས་9བར་འཚུབ་རྒྱུ།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཚེས་23ནས་25ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་ཞིང་། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ་དང་། ཆབ་མདོ་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ལྷ་ས། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེ་བ་རིམ་པ་6ནས་7བར་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་8ནས་9བར་འཚུབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོར་ཐོལ་རླུང་རིམ་པ་4ནས་5བར་འཚུབ་རྒྱུ།

    ཚེས་26ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ།

    ཚེས་27དང་28ཉིན། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་རྫོང་དང་སྤོ་བོ་རྫོང་གི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། ནག་ཆུ་དང་། ཆབ་མདོ། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་བཅས་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ།

    ཟླ་3ཚེས་29ཉིན་ནས་ཟླ་4ཚེས་1ཉིན་བར། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། མངའ་རིས་ཀྱི་ལྷོ་རྒྱུད། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ཚེས་29དང་30ཉིན་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེ་བ་རིམ་པ་6ནས་7བར་རྒྱག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།