དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཁྲི་2100ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-23

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་གཉིས་པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(གློག་མདའ)ཀྱི་བསྡོམས་འབོར་ཁྲི་2101ཟིན་པ་དེ་དུས་མཚུངས་ལས་47.8%འཕར་ཡོད། དེའི་ཁྲོད་སྤྱི་པའི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་483.4ཟིན་པ་དེ་དུས་མཚུངས་ལས་28.8%འཕར་བ་དང་། མི་སྒེར་གྱི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་1617.6ཟིན་པ་དེ་དུས་མཚུངས་ལས་54.6%འཕར་ཡོད་པ་རེད།

    རང་རྒྱལ་གྱིས་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པའི“ལོ་གསུམ་ལྡབ་འཕར”བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། 2027ལོའི་ལོ་མཇུག་ཏུ། གློག་གསོག་སྒྲིག་བཀོད་ཁྲི་2800བསྐྲུན་ཏེ་སྔོན་དཔག་བྱས་ན་མ་འཇོག་སྒོར་དུང་ཕྱུར་2000ལྷག་ཙམ་སྐུལ་སྤེལ་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།