དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།

    བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་དངོས་འཛིན་དངོས་སྒྲུབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2026-03-23

    ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་མགྱོགས་མྱུར་སྐུལ་སློང་དང་། སྒྲིག་འཛུགས་ཞིབ་ཚགས། འགན་འཁྲི་ཁ་གསལ། བཀོད་སྒྲིག་ཚགས་ཚུད་བཅས་བྱས་ཏེ་སློབ་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་དངོས་འཛིན་དངོས་སྒྲུབ་ཐུབ་པར་ཁྲིད་སྟོན་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་སྒྲུབ་ལས་གཏོད་ཐུབ་པར་བྱས་ཡོད།

    སྤྱི་འདོམས་ཇུས་འགོད་བྱས་ནས་ལས་འགན་ཁ་གསལ་བཟོས་པ།

    ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཏོན་པ་མ་ཟད། ཞིབ་ཕྲའི་ལས་འགན་ཁག་15བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྙིང་སྟོབས་འགྲེམས་སྟོན་ཁང་སོགས་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་21གང་ལེགས་སྤྱད་དེ་རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་ཐོས་བསམ་མྱོང་རྟོགས་ཐུབ་པར་སྐུལ་འདེད་བཏང་ནས་འགན་འཁྲིར་སྣང་ཆེན་དང་། དངོས་སྒྲུབ་ལ་སྣང་ཆེན། གྲུབ་འབྲས་དངོས་ལ་སྣང་ཆེན་བཅས་ཀྱི་སྟོན་ཕྱོགས་གསལ་པོ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

    ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་གྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་སྟངས་འཛིན་ནན་པོ་བྱས་ཏེ་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་ཁག་13དབྱེ་ཕྲལ་ཞིབ་ཚགས་དང་། གནད་དོན་གྲལ་བཤེར་བཅོས་སྒྲིག་དང་། བེད་མེད་རྒྱུ་ནོར་གང་ལེགས་སྤྱོད་པ། གླིང་ཁུལ་དང་ལས་སྟེགས་ཀུང་སིའི་ཕན་ནུས་ཆེ་རུ་གཏོང་བ། ས་ཁང་སྡེ་ལས་ཁྱབ་ཁོངས་ཀྱི་ཞབས་ཞུའི་དོ་དམ་ཚད་ལྡན་དུ་གཏོང་བ། སྒྲིག་འགལ་གྱི་མ་དངུལ་བསྡུ་སྒྲིལ་བཅོས་སྒྲིག་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་ལྔ་སྤེལ་ནས་གནད་དོན་ཐག་གཅོད་ཁྲོད་སྒྲིག་ཁྲིམས་ལག་བསྟར་དང་ཕན་འབྲས་དངོས་དོན་གཉེར་ཐུབ་པར་བྱས་ཡོད།

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཡང་ཡང་བསྡུར་ནས་ས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲོའུ་དེ་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་འགན་གྱི་གསལ་ཐོ་བཟོས་པ་མ་ཟད། དངོས་བཤེར་འཕྲལ་བཅོས་དང་། སྒྲིག་སྲོལ་ལམ་ལུགས་འཛུགས་པ། ཡོངས་བསྒྲགས་སློབ་གསོ་སོགས་ཀྱི་འགག་རྩའི་བྱེད་ཐབས་ཁ་གསལ་བཟོས་པ་དང་སྲིད་དོན་ལས་རྗེས་ལྟ་བའི་ཐད་ལྷག་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་དང་གནད་དོན་གྱི་གསལ་ཐོ་བཟོས་ཏེ་ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ“ནན་པའི”སྤྱོད་ཚུལ་ལ་བརྟེན་ནས“ཏན་ཏིག”གི་གྲུབ་འབྲས་ཐོབ་པར་བྱས་ཡོད།

    བྱེད་ཐབས་སྣ་མང་སྤྱད་ནས་ཟབ་སྦྱོང་མཐིལ་རྟོགས་བྱས་པ།

    ཟླ་3ཚེས་20ཉིན་གྱི་སྔ་དྲོར། ཅང་ཤིས་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་ཧྥུའུ་ལེང་རྫོང་ཀུའུ་རྫོང་སྲིད་གཙང་སློབ་གསོའི་རྟེན་གཞིའི་གྲོང་ཨུད་ཏང་གི་སློབ་གྲྭའི་དུས་ཐེངས་ཉེར་གསུམ་པའི་གཞོན་དར་འཛིན་གྲྭའི་སློབ་མ་50ལྷག་ཙམ་སྲིད་དོན་ལས་རྗེས་ལྟ་བའི་ས་གནས་ས་ཐོག་གི་སློབ་ཁྲིད་ནང་ཞུགས་པ་རེད། ཅིང་ཏེ་ཀྲེན་གྲོང་ཁྱེར་གྱིས་སློབ་སྦྱོང་སློབ་གསོ་དེ་གྲོང་ཨུད་ཏང་གི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭ་ཁག་གི་སློབ་ཁྲིད་འཆར་གཞིའི་ནང་བཅུག་ནས་དཔེ་མཚོན་སློབ་ཁྲིད་དང་། དྲན་སྐུལ་སློབ་གསོ། ཡུལ་རྣམ་སློབ་ཁྲིད་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བར་སྐུལ་འདེད་བཏང་ཞིང་། མིག་སྔར། གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3གཉེར་བ་དང་མི་ཐེངས་150ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།

    ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་གྱིས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ཏེ་ཁྱབ་ཁོངས་དང་ལས་གནས་མི་འདྲ་བ་དང་ཟུང་འབྲེལ་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་ཡོད།

    དེ་དང་ཆབས་ཅིག ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་གདོང་ལེན་བྱ་སྤྱོད་དང་ཟུང་འབྲེལ་གྱིས“གདོང་ལེན་འཆད་ཁྲིད་ཚོགས་པ”བཙུགས་ཏེ། ཏང་ཡོན་ལས་བྱེད་པར་དམིགས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཡོད།

    “སྲིད་དོན་ལས་རྗེས་དངོས་ནི་མི་སེར་ཚོར་བྱ་བ་དངོས་ཇི་ཙམ་བསྒྲུབས་མིན་ལ་ཐུག་པ་ངས་དེ་བས་གསལ་པོར་ཤེས་བྱུང” ཉེ་ཆར། ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་ཡོན་ཅང་གྲོང་ཨུད་ཏང་གི་སློབ་གྲྭའི་ཚོགས་ཁང་ནང་མི་ཚོགས་ཀྱིས་ཁེངས་བཞིན་ཡོད་པ་དང་གསོ་སྦྱོང་ནང་ཞུགས་མཁན་ལས་བྱེད་པ་ཞིག་གིས་སློབ་ཚན་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཉེ་དུས་དབྱི་དབྱང་གྲོང་ཁྱེར་གྱིས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་གཞོན་ནུའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཟབ་སྦྱོང་མཐིལ་རྟོགས་ཁྲོད་ཏང་ཡོན་ལས་བྱེད་པར་སྲིད་དོན་ལས་རྗེས་ཀྱི་ཚད་ཤིང་རྟོགས་ཐུབ་པར་བྱས་ཡོད།

    ཡོངས་བསྒྲགས་སློབ་གསོ་སྤེལ་ཏེ་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་བ།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱིས་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་མཐའ་འཁྱོངས་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་དམིགས་པ། གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁེ་ལས་འགན་གཙང་ལེན་པ་དང་ཞབས་འདེགས་ཞུ་བ། སྡེ་ཚན་འགོ་ཁྲིད་ཁེ་ལས་སུ་བསྐྱོད་དེ་བཅར་འདྲི་བྱེད་པ། ཆི་རྫོང་ཆུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་བཅས་ལ་སྐུལ་འདེད་གཏོང་བ། གནད་དོན་དང་། འགན་འཁྲི། དག་ཐེར་བཅས་རིགས་གསུམ་གྱི་དོན་ཚན་གསེད་བཀྲོལ་བྱེད་པ། ཁེ་ལས་ཀྱི“དགོས་མཁོའི་གསལ་ཐོ”དེ“འགན་སྒྲུབ་ཀྱི་གསལ་ཐོར”འགྱུར་བ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པ་ཚོར་སློབ་སྦྱོང་ཁྲོད་ལས་སྒྲུབ་དང་། ལས་སྒྲུབ་ཁྲོད་སློབ་སྦྱོང་ཐུབ་པར་ཁྲིད་སྟོན་བྱས་ཡོད།

    “དེ་སྔ་ཀུང་སི་ཐོ་འགོད་བྱེད་སྐབས་ས་ཆ་མང་པོར་འགྲོ་དགོས་ཀྱི་ཡོད། ད་ཆ་སྐར་ཁུང་གཅིག་ནས་གཉེར་ཐུབ་ཀྱི་ཡོད” ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་མི་སྐུ་ཞབས་དབྱང་ལགས་ཀྱིས་ཀུང་སིའི་ཐོ་འགོད་བདེ་བླག་ངང་གཉེར་ཐུབ་ཡོད་ལ། ད་དུང་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་བས་མང་བ་ཤེས་རྟོགས་ཐུབ་ཡོད། སློབ་སྦྱོང་སློབ་གསོ་སྤེལ་ཚུན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཡིས་རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་མངགས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ“མང་ཚོགས་ཀྱིས་འདྲི་གཞི་འདོན་པ་དང་། ལས་བྱེད་པས་གནད་དོན་རྒྱུས་ལོན་བྱེད་པ། ས་གནས་ས་ཐོག་ཏུ་ཐག་གཅོད”བཅས་ཀྱི་བྱེད་ཐབས་ལག་བསྟར་དང་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་གཞི་རིམ་དུ་དོན་འཁྱོལ་བྱས་ནས་དམངས་འཚོར་ཕན་པ་ཐོབ་པ་བྱས་ཡོད།

    ཉིན་ཤས་གོང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ནན་ཧྥུའུ་ཁང་ཁུལ་ཆུང་གི་གྲོང་མི་མང་པོ་ཞིག་ལ་གྲོང་ཁྱེར་སྲིད་གཞུང་དང་དེ་བཞིན་ཆུས་སྡོད་ཁང་འཛུགས་སྐྲུན་དང་། ཁྲིམས་འཛིན། ཁྲལ་དོན། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་སོགས་ཚན་པའི་ཐུན་མོང་འབད་བརྩོན་འོག་ཡུན་རིང་རེ་སྒུག་བྱས་པའི་ཁང་པའི་ལག་ཁྱེར་རག་ཡོད། དབྱིན་ཁྲོན་གྲོང་ཁྱེར་གྱིས་སྔར་ཐག་གཅོད་མ་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པ་དེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་དོན་ཞབས་ཞུའི་གནད་དོན་གྱི་གསལ་ཐོ་བཟོས་པ་དང་ཆབས་ཅིག་སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་དང་ལམ་སྲོལ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། “ལག་ཁྱེར་གཉེར་དཀའ་བ”སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཚོར་སློབ་སྦྱོང་སློབ་གསོའི་ཕན་འབྲས་མཐོང་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།