དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚོད་ལྟ་ར་བར་འཕུར་སྐྱོད་རླངས་འཁོར་དང་འཁོར་རིགས་ལ་མཉམ་དུ་ཚད་ལེན་ཚོད་ལྟ་བྱེད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-23

    ཟླ་3ཚེས་20ཉིན། “གནམ་ས་གཞི་གཅིག”གི་ཚད་ལེན་ཚོད་ལྟའི་རྟེན་གཞི་ཀྲུང་གོ་རླངས་འཁོར་ཞིབ་འཇུག་ལྷོ་ཕྱོགས་ཚོད་ལྟ་ར་བ་དེ་ཀོང་ཏུང་ཧྲའོ་ཀོན་གྲོང་ཁྱེར་དུ་སྤྱོད་འགོ་ཚུགས་ཤིང་། ཚོད་ལྟ་ར་བའི་ས་བཟུང་རྒྱ་ཁྱོན་ལ་མུའུ་8600ལྷག་ཙམ་དང་མཁའ་ཁོངས་ལྟ་ཞིབ་ཚད་ལེན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་100ཙམ་ཡོད་པ་དང་། དེས་རྐྱང་འཁོར་རིག་ནུས་དང་། འཁོར་ལམ་མཉམ་སྒྲུབ། གནམ་ས་གཞི་གཅིག་བཅས་ཀྱི་ལག་རྩལ་ལམ་ཐིག་ཆེན་པོ་གསུམ་ལ་དམིགས་པ། རིག་ནུས་དྲ་འབྲེལ་རླངས་འཁོར་དང་དམའ་དབྱིངས་འཕུར་སྐྱོད་འཕྲུལ་ཆས་ལ་སོགས་པའི་རིགས་ཆེན་པོ་བཞིའི་ཐོན་རྫས་དང་ཚད་ལེན་ཚོད་ལྟ་བྱེད་རྣམ་100ལྷག་ཙམ་ལ་ཁྱབ་པ། ཚད་ལེན་ཚོད་ལྟའི་མྱུར་ཚད་མགྱོགས་ཤོས་ལ་ཆུ་ཚོད་རེར་སྤྱི་ལེ་280དང་མཐོ་ཚད་སྨི་1200ཟིན་གྱི་ཡོད། འདི་ནི་ཉིན་དེར་ཚོད་ལྟ་ར་བར་འཕུར་སྐྱོད་རླངས་འཁོར་དང་འཁོར་རིགས་ལ་མཉམ་དུ་ཚད་ལེན་ཚོད་ལྟ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།