དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་དང་གཉིས་པར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་7.1%འཕར་བ།

    མྱུར་སྐྱེལ་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་7.9%འཕར་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-23

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་331.4ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་5.6%འཕར་བ་དང་། དེའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་304.9ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་7.1%འཕར་བ་དང་། མྱུར་སྐྱེལ་ལས་སྒོར་སྐུལ་ཁྲིད་བྱེད་པའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2385.4ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་7.9%འཕར་ཡོད།

    ས་ཁོངས་ཀྱི་གྲུབ་ཆར་བལྟས་ན། ཟླ་བ་དང་པོ་དང་གཉིས་པར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་72.6%དང་། 16.2% 11.2%བཅས་ཁག་སོ་སོར་ཟིན་པ་དང་། མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་68.0%དང་། 21.3% 10.7%བཅས་ཁག་སོ་སོར་ཟིན་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.7འཕར་བ། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.4འཕར་བ། མྱུར་སྐྱེལ་ལས་སྒོའི་གྲངས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.5འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།