དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་ཁ་གསབ་ལེན་ཆོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-23

    རྒྱ་ཆེའི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད། ཉེ་ཆར་ཞིང་ལས་གྲོང་གསེབ་པུས་2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་གསལ་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། སྲིད་ཇུས་ཁག་ལ་ཁ་གསབ་རོགས་སྐྱོར་གྱི་ཁྱབ་ཁོངས་དང་རོགས་སྐྱོར་བྱ་ཡུལ་ཡང་བཏོན་ཡོད།

    གསལ་ཐོའི་ནང་ལག་བསྟར་བརྟན་པོ་བྱེད་དགོས་པའི་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཁག་16ཚུད་པ་སྟེ། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་། ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ། གྲོའི“གཅིག་གཏོར་འགོག་གསུམ”གྱི་ཁ་གསབ། སྲན་ཆེན་དང་མ་རྨོས་ལོ་ཏོག་གི་ཐག་དབྱིབས་མཉམ་འདུས་འདེབས་འཛུགས་ཁ་གསབ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་དང་ཤུན་ལྡན་འབྲས་ཀྱི་ཁ་གསབ། རྨོ་ཞིང་རེས་འདེབས་དང་དབྱར་མར་བཞག་པའི་ཁ་གསབ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ། སོན་བཟང་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གྱི་ཁ་གསབ། རིམས་ནད་ཕོག་པའི་སྲོག་ཆགས་བཙན་ཤེད་ཀྱིས་གསོད་པའི་ཁ་གསབ། ཉ་གྲུ་དང་ཉ་གྲུའི་སྒྲིག་བཀོད་སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་ཀྱི་ཁ་གསབ། ཉ་ལས་ཐོན་ཁུངས་བདག་སྐྱོང་གི་ཁ་གསབ། ཉ་པས་ཉ་གྲུ་ཉུང་དུ་བཏང་ནས་ཐོན་སྐྱེད་ཁ་སྒྱུར་གྱི་ཁ་གསབ། རྩྭ་ཐང་གི་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་མཉམ་གྱི་བྱ་དགའ། ཞིང་ལས་འགན་བཅོལ་གྱི་གྲོན་དངུལ་ཁ་གསབ། ཞིང་ཆེན་སྒྲོལ་བའི་ལས་ཞུགས་ཀྱི་འགྲིམ་འགྲུལ་ཁ་གསབ། སྦྲང་ཆར་འཆར་གཞི་བཅས་ཡིན་པ་རེད།

    ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ་ཐད། མ་དངུལ་གཙོ་བོ་རིགས་ཁག་གི་ཞབས་ཞུའི་བྱེད་པོར་གཙོ་གནད་ཐོག་ཞིང་དུད་ཆུང་གྲས་ལ་ཆེད་ལས་ཅན་དང་སྟབས་བདེ་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འབྲུ་རིགས་དང་པད་ཁའི་ལོ་ཏོག་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བ་སོགས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་གཙོ་བོར་བྱས་ནས་འདུས་གྲུབ་དང་ལེ་ལག་ཚང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ། ཐོན་མཐོ་སྤུས་ལེགས་དང་མ་གནས་གྲོན་ཆུང་དང་གྱོང་གུན་ཆུང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། འགག་རྩའི་ལྷུ་ཚིགས་དང་ལྷུ་ཚིགས་རྐྱང་པའི་ཞབས་ཞུའི་ཁ་གསབ་དེས་འབྲུ་རིགས་སྤུས་ལེགས་འདེབས་འཛུགས་སོགས་འཕྲལ་དུ་སེལ་དགོས་པའི་ཞན་ཆ་དང་ཚོད་འཛིན་གྱི་ལྷུ་ཚིགས་ལ་གཙོ་གནད་ཐོག་དམིགས་ཡོད་པ་རེད།

    ཞིང་ལས་འགན་བཅོལ་གྱི་གྲོན་དངུལ་ཁ་གསབ་ཐད། འདེབས་འཛུགས་དང་། གསོ་ཚགས། ནགས་ཚལ་བཅས་རིགས་ཆེན་པོ་གསུམ་གྱི་ཞིང་ལས་ཐོན་རྫས་ཆེ་གྲས་16ལ་ཞིང་ལས་འགན་བཅོལ་གྱི་གྲོན་དངུལ་ཁ་གསབ་མུ་མཐུད་སྤྲོད་རྒྱུ་རེད། ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་25%ལས་མི་དམའ་བའི་རྨང་གཞིའི་ཐོག་ཀྲུང་དབྱང་ནོར་སྲིད་ཀྱིས་ཤར་རྒྱུད་ས་ཁུལ་དང་། དབུས་ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་སུ་འདེབས་འཛུགས་ལས་རིགས་ཀྱི་འགན་བཅོལ་གྲོན་དངུལ་ཁ་གསབ་35%དང་45%སྤྲོད་རྒྱུ་དང་གསོ་ཚགས་ལས་རིགས་ཀྱི་འགན་བཅོལ་ལ་40%དང་50%ཡི་ཁ་གསབ་སྤྲོད་རྒྱུ། ཤུན་ལྡན་འབྲས་དང་། གྲོ མ་རྨོས་ལོ་ཏོག་བཅས་འབྲུ་རིགས་སྣ་ཁ་གསུམ་དང་དེ་བཞིན་སྲན་ཆེན་གྱི་མ་གནས་ཆ་ཚང་འགན་བཅོལ་དང་འདེབས་འཛུགས་ཡོང་འབབ་འགན་བཅོལ་སྲིད་ཇུས་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། གཞན་ཡང་ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་ལྟར་གཞི་ཁྱོན་ངེས་ཅན་གྱི་མ་དངུལ་བཀོད་སྒྲིག་བྱས་ཏེ་ཁ་གསབ་ཏུ་བྱ་དགའ་སྤྲོད་པའི་སྲིད་ཇུས་བརྒྱུད་ས་གནས་ཀྱི་ལེགས་ལྡན་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

    ཞིང་ཆེན་སྒྲོལ་བའི་ལས་ཞུགས་ཀྱི་འགྲིམ་འགྲུལ་ཁ་གསབ་ཐད། མ་དངུལ་དེ་དག་གཙོ་བོ་ཁ་གསབ་རོགས་དངུལ་སྤྲོད་ཡུལ་མི་སྣ་ཕྱིར་གླ་པ་རྒྱུག་པ་དང་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་དང་ལས་ཞུགས་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་ཡིན་པ་རེད། དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དང་མུ་མཐུད་རོགས་སྐྱོར་བྱེད་དགོས་པའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་མི་འབོར་ཁྲོད་ཀྱི་ཆ་རྐྱེན་འཛོམས་པའི་ཞིང་ཆེན་སྒྲོལ་བའི་ཕྱིར་གླ་པ་རྒྱུག་པ་དང་ལས་ཞུགས་མི་སྣར་ལོ་ལྟར་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་ཁ་གསབ་ཐེངས་གཅིག་སྤྲོད་རྒྱུ།

    གོང་གསལ་གྱི་སྲིད་ཇུས་ལ་དམིགས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་གཏན་འབེབས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ཚོད་རྩིས་བརྒྱབ་སྟེ་ཞིང་ཆེན་ལ་བགོ་བཤའ་རྒྱག་རྒྱུ་དང་། ཞིང་ཆེན་རིམ་པས་བླང་བྱ་གཞིར་བཟུང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ། གཞི་རིམ་སྒྲིག་འཛུགས་བྱས་ནས་ཁ་གསབ་ཀྱི་ཁྱབ་ཁོངས་དང་། རྒྱབ་སྐྱོར་བྱ་ཡུལ། ཁ་གསབ་ཀྱི་ཚད་གཞི་བཅས་ཞིབ་ཚགས་སུ་གཏོང་བ་དང་འབྲེལ། གཏན་འབེབས་ལྟར་ཡོངས་བསྒྲགས་ཡག་པོ་བྱས་ཏེ་འབྲེལ་ཡོད་ཀྱི་ཐད་ཀའི་ཁ་གསབ་མ་དངུལ“གཱ་གཅིག་ཀུན་འཐུས”བརྒྱུད་དུད་ཚང་ལ་ཐད་ཀར་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།