དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་དུས་དམ་འཛིན་བྱས་ནས་སོ་ནམ་ལས་ལ་གཞོལ་བ།

    —— ཧོ་ནན་ཧྲང་ཧྲུའེ་རྫོང་གིས་གྲོའི་ཐོན་འབབ་མང་དུ་གཏོང་བའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཆིན། ཝེན་པིན་ཐུའུ།   |     སྤེལ་དུས།  2026-03-23

    འདི་ནི་དཔེ་དུམ་ཅན་གྱི་དབྱིབས་འགྱུར་འཕྲུལ་མི་ཁྲུང་ཁྲུང་T3000ཡིན་པ།

    ཧོ་ནན་ཀྲོའུ་ཁོའུ་ཧྲང་ཧྲུའེ་རྫོང་དུ་དཔྱིད་རླུང་དལ་གྱིས་ལྡང་ནས་སྔོ་ལྗང་གི་གྲོ་ཞིང་དལ་བུར་གཡོ་ཞིང་། འབྲུ་རིགས་ཐོན་སྐྱེད་ཀྱི་རྫོང་ཆེ་གྲས་ཧྲང་ཧྲུའེ་ཡི་མུའུ་ཁྲི་121ཟིན་པའི་གྲོ་ཞིང་སྐྱེ་འཚར་གྱི་འགག་རྩའི་དུས་སུ་སླེབས་ཡོད།

    དེ་གར་ཞིང་ལས་ཀྱི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱིས་འདམ་གྱི་ནང་དུ་བརྟག་དཔྱད་བྱེད་པ་དང་། རིག་ནུས་ཞིང་འཕྲུལ་གྱིས་གྲོ་ཞིང་ཁྲོད་དུ་ལས་ཀ་ཞིབ་ཚགས་བྱེད་ཅིང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་ཀྱི་འགག་སྒྲོལ་དམག་འཐབ་ཅིག་རྒྱག་བཞིན་ཡོད།

    གྲོའི་ཐོན་འབབ་མང་དུ་གཏོང་བའི་དཔེ་སྟོན་ཁུལ་དུ་ཞིང་ལས་ལ་བྲེལ་བཞིན་པའི་དབུ་སྐྲ་དུང་ལྟར་དཀར་བའི་གྲོ་འདེབས་གསོའི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཀུའོ་ཐེན་ཚའེ་ཡིས“ཀྲོའུ་གྲོ་38”རྐང་གཅིག་བཏོགས་ནས་རྩ་བའི་འདམ་ཕྱིས་ཏེ་ཞིབ་ལྟ་བྱས། “ལོ་མ་ཆེ་ལ་རྩ་བ་གཏིང་རིང་བས་གཞན་སྒྱུར་བྱས་པ་དེ་སྔོན་དཔག་ལས་ཡག་པ་ཡོང་ངེས་རེད”ཅེས་ཁོང་གིས་བློ་བདེ་པོས་བརྗོད།

    ཕྱོགས་གཅིག་ནས་རིགས་གཅིག་མཁས་ཅན་རྒན་གྲས་ཀྱིས་ཞིང་ནང་དུ་གྲོ་རྡོག་ལ་ལྟ་བ་དང་། ཕྱོགས་གཞན་ཞིག་ནས་མ་འོངས་པར་རེ་བ་སྦྱིན་པའི་ཞིང་ལས་མཁས་ཅན་གཞོན་ནུས་འཇོན་ནུས་འདོན་གྱི་ཡོད།

    གློག་འཕྲུལ་གྱི་ལྡིར་སྒྲ་ནི་རྣང་ཞིང་གི་བར་ནས་གྲགས་ཡོང་བ་སྟེ། དངུལ་དཀར་མདོག་དང་བཟོ་ལྟ་ངོ་མཚར་ཆེ་བའི་འཕྲུལ་ཆས་ཤིག་དལ་བུར་མདུན་དུ་སྐྱོད་བཞིན་ཡོད་ལ། སྨན་ཆུ་ཞིབ་ཅིང་ཕྲ་བའི་ངང་ལོ་འདབ་ཀྱི་ངོས་སུ་གཏོར་བཞིན་མཆིས། དེ་ནི་ཅུའེ་ཝུའུ་ཚན་རྩལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་དཔེ་དུམ་ཅན་གྱི་དབྱིབས་འགྱུར་འཕྲུལ་མི་ཁྲུང་ཁྲུང་T3000ཡིན་པ་རེད།

    “སྔོན་ཆད་ཐོ་ཕྲུག་བཏང་ནས་ཞིང་ཁར་སྐྱོད་སྐབས་ཆེ་དྲགས་ནས་ས་ཞིང་དུ་སྐོར་ཙམ་བྱས་ན་ལྗང་མྱུག་མང་པོ་མནན་ནས་འཕྲོ་བརླག་ཐེབས་ཀྱི་ཡོད་པས། ཡུལ་མི་ཚོ་འུ་ཐུག་ཐབས་ཟད་དུ་འགྱུར་གྱི་ཡོད”ས་ཡུལ་དངོས་ཀྱི་ན་གཞོན་ཞིང་འཕྲུལ་ཁ་ལོ་བས་རིག་ནུས་ཀྱི་མཐའ་སྣེ་བཀྱགས་ནས་གསར་འགོད་པར་འཕྲུལ་མིའི་འཇོན་ནུས་བསྟན། “ཁྱེད་ཀྱིས་གཟིགས་དང་། ད་ཆ་འཕྲུལ་མི་ཁ་ཕྱིར་དཀྱོག་མི་དགོས་པར་ཐད་ཀར་ཞིང་སའི་ནང་སྤོ་སྒྱུར་བྱེད་ཆོག འཁོར་ལོ་བཞི་པོ་ཏུའུ་360ཡི་ཕྱོགས་ཚང་མར་སྐྱོད་ཐུབ་པ་མ་ཟད། ལྗང་མྱུག་ལའང་གནོད་སྐྱོན་ཕོག་གི་མེད”ཅེས་བཤད།

    ཡངས་པའི་ཞིང་སར་བསིལ་རླུང་གི་ཁྲོད་དུ་གྲོ་མྱུག་གི་མགོ་ལྕོག་ལྡེམ་ཞིང་། “ཀྲུང་ཡོན་འབྲུ་མཛོད”དུ་ཚན་རྩལ་གྱི་རམ་འདེགས་དང་འདམ་གྱི་དྲི་བསུང་འོ་ཆུ་བཞིན་མཉམ་འདྲེས་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།