རྨ་ཆུའི་དར་ཁ་ཞིག་པའི་འབྲུབ་དུས་བརྟན་པོའི་ངང་ཡོལ་བ།
ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་14ཉིན་རྨ་ཆུའི་དར་ཆགས་དུམ་བུ་ཕྱོགས་ཡོངས་ནས་དར་ཁ་ཞིག་ཅིང་། 2025ལོ་ནས་2026ལོའི་བར་གྱི་རྨ་ཆུའི་དར་ཁ་ཞིག་པའི་འབྲུབ་དུས་བརྟན་པོའི་ངང་ཡོལ་ནས་ཉེན་ཁ་ཆེ་རིགས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་རེད། ལོ་འཁོར་འདིའི་རྨ་ཆུའི་དར་ཁ་ཞིག་པའི་དུས་སུ་ཁྱད་ཆོས་གང་དག་ཡོད་དམ། ཆུ་བེད་སྡེ་ཚན་གྱིས་བྱེད་ཐབས་གང་དག་སྤྱད་དེ་དར་ཁ་ཞིག་པའི་འབྲུབ་དུས་བརྟན་པོའི་ངང་ཡོལ་བར་འདེགས་སྐྱོར་བྱས་ཡོད་དམ། དེའི་སྐོར་ལ་ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་གསལ་བཤད་ཞིབ་ཕྲ་བྱས་པ་རེད།
དར་ཁ་ཞིག་པའི་འབྲུབ་དུས་ཞེས་པ་ནི་ཆུ་ལམ་དུ་འཁྱགས་པ་ཆགས་ནས་ཆུ་རྒྱུན་ལ་འགོག་རྐྱེན་བཟོས་ཏེ་གཙང་པོའི་ཆུ་ཁ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བའི་ཆུ་དཔྱད་ཀྱི་སྣང་ཚུལ་ལ་ཟེར། “གོ་བདེ་པོས་བརྗོད་ན། ཆུ་ལམ་ནང་འཁྱགས་པ་ཆགས་ནས་ཆུ་བོ་རྒྱུན་གཏན་ལྟར་རྒྱུག་པར་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་དེ་རིགས་རང་རྒྱལ་གྱི་བྱང་ཕྱོགས་སུ་དགུན་དུས་ཆུ་བོར་དར་ཁ་ཆགས་པ་དང་དཔྱིད་དུས་ཆུ་བོའི་དར་ཁ་ཞིག་པའི་དུས་སུ་ཐོན་གྱི་ཡོད། རྨ་ཆུའི་ཆུ་བོའི་དུམ་བུ་གཙོ་བོ་ནི་སྟོད་རྒྱུད་ཀྱི་ཉིང་ཞ་ནས་ནང་སོག་བར་གྱི་ཆུ་བོའི་དུམ་བུ་དང་སྨད་རྒྱུད་ཀྱི་ཧྲན་ཏུང་གི་ཆུ་བོའི་དུམ་བུ་རེད”ཅེས་ཆུ་བེད་པུའུ་རྨ་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་ཆུ་ལོག་དང་ཐན་སྐྱོན་གནོད་འཚེ་འགོག་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ལེ་ཐེན་གྱིས་ངོ་སྤྲོད་བྱས།
དར་ཁ་ཞིག་པའི་འབྲུབ་དུས་སྔོན་འགོག་གི་བརྒྱུད་རིམ་ནང་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་འགོག་སྲུང་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ནས་རྨ་ཆུའི་དར་ཁ་ཞིག་པའི་འབྲུབ་དུས་སྔོན་འགོག་ལས་དོན་དམིགས་སུ་བཀོད་སྒྲིག་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།