ཁྲི་ཀར་དཔྱིད་དཔལ་བཞད་ནས་སོ་ནམ་ལས་ལ་བྲེལ།

འདི་ནི་རྨ་ཆུའི་འགྲམ་དུ་དགུན་གྲོའི་ལྗང་ལོ་རྒྱས་པ།

འདི་ནི་ཡུལ་མིས་པད་ཚལ་འདེབས་བཞིན་པ།

འདི་ནི་ཡུལ་མིས་ཀྲུ་མ་ཀྲུ་ཆུང་ཆུང་འཐུ་བཞིན་པ།
ཉིན་ཤས་བསྟུད་མར། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གི་ཞིང་ནང་དང་མུ་ཁར་བྲེལ་འཚུབ་ཆེ་བའི་རྣམ་པ་མངོན་ཞིང་། ས་ཁོད་སྙོམས་པ་དང་སོན་འདེབས་པ་སོགས་སོ་ནམ་ཞིང་ལས་གོ་རིམ་ལྡན་པའི་ངང་སྤེལ་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི“དཔྱིད་རྨོད་ཀྱི་རྣམ་པ”ཞིག་མངོན་ཡོད། འདི་ལོར་ཁྲི་ཀ་རྫོང་གིས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.42ཟིན་པར་བྱས་ནས་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི་0.6ཡན་བརྟན་པོ་ཡོང་བ་དང་ཐོན་འབབ་ཏུན་ཁྲི་3ཡན་བརྟན་པོ་ཡོང་བའི་འགན་ལེན་བྱ་རྩིས་ཡོད་པ་རེད། མིག་སྔའི་བར། རྫོང་དེ་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་ཀྱི་སོན་བཟང་ཏུན་4800ལྷག་ཙམ་གྲབས་གསོག་བྱས་པ་དང་རྫས་ལུད་ཏུན་6800ལྷག་ཙམ་གཏོང་འདྲེན་གསོག་འཇོག་བྱས་ཡོད། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་1475སྤྱི་འདོམས་དོན་འཁྱོལ་བྱས་པ་དང་། མ་དངུལ་སྒོར་ཁྲི་2650བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་680སྒྱུར་བཀོད་མཐོར་གཏོང་བྱས་ཏེ“འབྲུ་རིགས་འདེབས་ཞིང”དེ“ཞིང་ས་གཤིན་པོར”འགྱུར་བ་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།