རང་རྒྱལ་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འབོར་གཉིས་ཀ་ལོ་40བསྟུད་མར་འཕར་བ།
ད་ལོའི་ཟླ་3ཚེས་21ཉིན་ནི་རྒྱལ་སྤྱིའི་ནགས་ཚལ་ཉིན་མོ་བཅུ་བཞི་པ་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“ནཌ་ཚལ་དང་དཔལ་འབྱོར”ཞེས་པ་དེ་རེད། ཟླ་3ཚེས་20ཉིན། གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར་36.14ཟིན་པ་དང་། རྒྱལ་ཡོངས་ཀྱི་ནཌ་ཚལ་ཁྱབ་ཚད་25.09%ཟིན་པ། ནགས་ཚལ་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་209.88ཟིན་པ། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འབོར་གཉིས་ཀ་ལོ་40བསྟུད་མར་འཕར་བ་བཅས་བྱུང་ནས་གོ་ལ་ཧྲིལ་པོར་སྔོ་ལྗང་འཕར་ཚད་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ནགས་ལས་དང་རྩྭ་ཐང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་བཏང་བས། ནགས་ལས་དང་རྩྭ་ཐང་ཐོན་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ཙམ་ཟིན་པ་དང་། ནགས་ཐོན་དངོས་རྫས་ཀྱི་ལོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1800ལྷག་ཙམ་ཟིན་པ། ནགས་ཚལ་གྱི་བཟའ་བཅའི་ལོའི་ཐོན་འབབ་ཏུན་དུང་ཕྱུར་2.4ལྷག་ཙམ་ཟིན་པ། སྐྱེ་ཁམས་ཡུལ་སྐོར་གྱི་ལོའི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་30ཟིན་པ། གཉེར་སྐྱོང་བྱེད་པོ་གསར་པ་ཁྲི་30ཙམ་སྐྱེད་སྲིང་བྱས་པ་བཅས་རེད། ནགས་ལས་དང་རྩྭ་ཐང་ཐོན་ལས་ཀྱིས་མི་ཁྲི་6000ལྷག་ཙམ་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།