དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་ལ་འཇོག་རྒྱུར་མཆན་བཀོད་བཀའ་ལན་སྤྲད་ནས་མོས་མཐུན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཀྲུང་གོ་སྲིད་གཞུང་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མེ་ཧྲན་གྲོང་ཁྱེར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་གྲས་སུ་འཇོག་རྒྱུར་མཆན་བཀོད་བཀའ་ལན་སྤྲད་ནས་མོས་མཐུན་བྱས་པ་རེད།

    མཆན་བཀོད་བཀའ་ལན་ནང་བླང་བྱ་བཏོན་དོན། སི་ཁྲོན་ཞིང་ཆེན་དང་དེ་བཞིན་མེ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》དང《ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ་བཅས་གྲགས་ཅན་སྲུང་སྐྱོང་སྲོལ་ཡིག》གི་བླང་བྱ་དོན་འཁྱོལ་བྱས་ནས་རིག་གནས་ཤུལ་བཞག་གི་དོན་སྙིང་དང་རིན་ཐང་ལ་ཞིབ་འཇུག་དང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་དཔྱད་ཡིག་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱེད་པ། མེ་ཀྲོའུ་གནའ་གྲོང་གི་བར་མཐོངས་ཆགས་ཚུལ་དང་འཕེལ་རྒྱས་ཀྱི་གོ་རིམ་གསལ་པོ་བཟོ་བ། སྲུང་སྐྱོང་གི་རྩ་དོན་དང་གཙོ་གནད་ཁ་གསལ་བཟོ་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་དགོས། མེ་ཧྲན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་བཟོ་འགོད་དང་ལག་བསྟར་ཡག་པོ་བྱས་ཏེ། སྲུང་སྐྱོང་དོ་དམ་གྱི་གཏན་འབེབས་བཟོ་བ་དང་འབྲེལ་ལག་བསྟར་ནན་པོ་བྱས་ནས་སྲུང་སྐྱོང་བྱ་ཡུལ་ཁག་གི་གསལ་ཐོ་དང་དེ་བཞིན་སྲུང་སྐྱོང་གི་ནང་དོན་དང་། བླང་བྱ། འགན་འཁྲི་བཅས་ཁ་གསལ་བཟོ་དགོས།

    མཆན་བཀོད་བཀའ་ལན་ནང་ད་དུང་བླང་བྱ་བཏོན་དོན། ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་སླར་གསོ་བྱས་ནས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་ཡག་པོ་བསལ་ནས་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། སྤོ་མི་རུང་བའི་རིག་དངོས་དང་ལོ་རྒྱུས་བཟོ་སྐྲུན་ཉམས་གསོ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་དངོས་གསོན་ཉམས་ལྡན་པའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།