དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡེ་ཁུལ་དུ་ཞབས་འདེགས་སྣ་མང་ཞུས་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་སྡེ་ཚན་མང་པོས་མཉམ་དུ“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-22

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཨུད་དྲིལ་བསྒྲགས་པུས་རྫོང་རིག་གནས་ཡུལ་སྐོར་ཅུས་དང་། ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས། ཁྲིམས་འཛིན་ཅུས། མི་དམངས་སྨན་ཁང་སོགས་སྡེ་ཚན་དང་མཉམ་དུ“མི་བརྒྱ་ཕྲག་གིས་བྱེད་སྒོ་སྟོང་ཕྲག་སྤེལ་ནས་ས་ཚིགས་ཁྲི་རུ་ཁྱབ་པར་བྱེད”ཅེས་པ་བདེ་ཁང་སྡེ་ཁུལ་གྱི་ཤེས་དཔལ་ལག་ལེན་ས་ཚིགས་སུ་སྤེལ་བ་དང་དུས་མཚུངས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་སྒོ་རྩར་གནད་ལ་འཁེལ་པོས་ཞབས་འདེགས་སྣ་མང་ཞུས་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྷོ་རོང་རྫོང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་ཁོངས་མིས་སྔོན་ལ་སྒྲོག་འགྲེལ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འཕེལ་རྒྱས་གྲུབ་འབྲས་སོགས་ནང་དོན་གཙོ་བོར་དམིགས་ཏེ། གོ་བདེ་ཤེས་སླའི་སྐད་ཆ་ནས་དོན་དངོས་ཀྱི་དཔེ་མཚོན་དང་ཟུང་འབྲེལ་གྱིས་སྲིད་ཇུས་ཀྱི་གཙོ་གནད་གསལ་འགྲེལ་བྱས་ཏེ། ཏང་གི་ཐུགས་ཁུར་དང་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་རྫོང་སྒྱུ་རྩལ་ཚོགས་པས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཤིང་། མང་ཚོགས་ཀྱི་དགའ་ཕྱོགས་དང་འཚམ་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་ཡུལ་མི་ཚོར་བསམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།

    རིག་གནས་ཀྱི་ཤན་ཞུགས་པར་བྱེད་པ་དང་སྦྲགས་སྤྱོད་གོ་ཆོད་པའི་ཞབས་ཞུ་དུས་མཉམ་དུ་སྤེལ་ཞིང་། ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་འོས་འགན་སྨན་བཅོས་ཀྱི་སྐབས་འཕྲལ་སྟེགས་བུ་བཙུགས་ནས་མང་ཚོགས་ལ་རིན་མེད་ངང་ཁྲག་ཤེད་ལྟ་བ་དང་རྒྱུན་ཐོན་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱས་ཏེ། ངང་རྒྱུད་རིང་པོས་བདེ་ཐང་གི་བློ་འདྲི་དང་དུ་བླངས་ཤིང་། ཆེད་ལས་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་བསྲུངས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་རིམ་རྩིས་བརྒྱབ་ན། མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་1200ལྷག་ཙམ་སྤྲད་པ། མི་ཐེངས་90ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཏེ་གཞི་རིམ་གྱི་མང་ཚོགས་ཚོས་སྒོ་རྩ་ནས་སྟབས་བདེ་ཞིང་སྤུས་ཀ་ལེགས་པའི་ཕྱོགས་བསྡུས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་པས། ཏང་ཡོན་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།