ནག་ཆུ་གྲོང་ཁྱེར་གྱིས།
སྨན་བཅོས་སྤུས་ལེགས་ཞིང་འབྲོག་པའི་སྒོ་རྩར་ཁྱབ་པར་བྱས་པ།
2025ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་འབྲེལ་ཟབ་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཐོན་ཁུངས་བསྡུ་སྒྲིལ་དང་། ལམ་སྲོལ་གསར་གཏོད། ཞབས་ཞུ་སྣུར་སྲིང་བཅས་བྱས་པ་བརྒྱུད་གཞི་རིམ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་ཏེ། ཞིང་འབྲོག་པ་སྒོ་རྩ་ནས་དེ་བས་སྟབས་བདེ་ལ་ནུས་ཕྱོད་ཆེ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ན་ནིང་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ཞབས་ཞུ་ཟམ་མི་ཆད་པར་སྣུར་སྲིང་གིས་གཞི་རིམ་གྱི་དམངས་འཚོའི་བདེ་ཐང་གི་སྔོན་འགོག་འཐབ་ས་བརྟན་པོ་བསྐྲུན་ནས། གྲོང་ཚོ(སྡེ་ཁུལ)1205ལ་བདེ་ཐང་སྐོར་སྐྱོད་སྨན་བཅོས་སྦག་སྦག་རེ་བཀོད་སྒྲིག་དང་། ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་པའི་ཞབས་ཞུའི་ཚོགས་པ་651བཙུགས་ཤིང་། རིམ་རྩིས་བརྒྱབ་ན། སྐོར་སྐྱོད་སྨན་བཅོས་ཐེངས་535བྱས་པ་དང་མང་ཚོགས་མི་ཐེངས་ཁྲི་17.73ལྷག་ཙམ་ལ་ཞབས་འདེགས་ཞུས་པ་མ་ཟད། རྒྱུན་སྡོད་མི་འབོར་གྱི་ཁྱིམ་ཚང་སྨན་པ་ཁྲི་39.69ཙམ་དང་གན་རྒྱ་བཞག་པས། ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟག་ཁུའི་ནད་སོགས་གཅོང་ནད་ལ་སྨན་བཅོས་བྱེད་ཚད་90%ཡན་བརྟན་པོར་གནས་ཐུབ་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་ངང་སེལ་ཐུབ་པ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གྱི་དོས་དྲག་སྒོ་བསྟེན་སྨན་ཁང་གིས་ནད་པ་ལྟ་ཚད་མི་ཐེངས་ཁྲི་109.14དང་། སྨན་ཁང་ལ་སྡོད་ཚད་མི་ཐེངས་ཁྲི་1.3ཟིན་པ་མ་ཟད། རྫོང(ཆུས)གིས་ཁྱོན་གཤགས་བཅོས་བྱེད་ཆོག་པའི་རིགས་69དང་རང་རྐྱ་འཕེར་བའི་གཤགས་བཅོས་རིགས་48བྱས་པ་དང་། ཕྱོགས་གཉིས་པོར་སྨན་ཁང་བསྒྱུར་ཚད་ཐེངས་1000ལྷག་ཙམ་ཟིན་ཏེ། སྨན་བཅོས་གཅིག་མཐུན་ཚོགས་པའི་མཉམ་འགུལ་ནུས་པ་གང་ལེགས་མངོན་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།