དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡོན་ཐའོ་ཞུང་།   |     སྤེལ་དུས།  2026-03-22

    མིའི་གནད་དོན་ནི་སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ཨང་དང་པོ་ཡིན་ཞིང་། དེས་སྲིད་ཏང་ཞིག་གི་སྲིད་སྐྱོང་དམིགས་ཡུལ་ལ་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་རྩ་བའི་ཁ་ཕྱོགས་གཏན་འཁེལ་བྱེད་བཞིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མིས་ངེས་པར་དུ་སེམས་ལ་བརྟན་པོར་ངེས་དགོས” ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང“ལས་སྒྲུབ་ལས་གཏོད་ཏན་ཏིག་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས”ཞེས་བཀའ་མངགས་ཟབ་མོ་གནང་ཡོད།

    མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་རྒྱུན་འཁྱོངས་བྱས་པ་དེས་ཀྲུང་གོ་གུང་ཁྲན་ཏང་མིའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་མཚོན་གྱི་ཡོད།

    “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་རེའི་ཏང་གི་བྱ་སྤྱོད་མཐའ་དག་གི་གཞི་རྩའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་ལ། རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་ཤིག་ཀྱང་རེད”

    དམངས་ལ་བདེ་སྐྱིད་སྐྲུན་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་ཀྱི་དམ་བཅའ་དེ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་། ཧྲའན་ཤིས་ཡན་ཁྲོན་ལེང་ཅ་ཧོར་རུ་ཁག་ནང་ཞུགས་སྐབས། “མི་དམངས་ལ་བྱ་བ་དངོས་སྒྲུབ་དགོས་པའི”དད་སེམས་དེ་གཞོན་སྐྱེས་ཡིན་པའི་ཞི་ཅིན་ཕིང་གི་ཐུགས་ལ་བརྟན་པོར་ངེས་ཡོད།

    “བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་པ་དེ་ནི་2012ལོའི་ཟླ་11པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་གསར་འགོད་པ་དང་མཇལ་འཕྲད་གནང་སྐབས་གསུངས་པའི་བཀའ་མོལ་ཡིན་ཞིང་། ཁོང་གི་བརྩེ་བ་ཟབ་པའི་བཀའ་མོལ་དེས་དུས་ད་ལྟའང་སྔར་བཞིན་ཀྲུང་གོ་བ་དུང་ཕྱུར་མང་པོར་དྲོ་སྐྱིད་སྦྱིན་བཞིན་ཡོད།

    དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་རེད། དམངས་ལ་བདེ་སྐྱིད་བསྐྲུན་པར་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་སོགས…… དུས་རབས་གསར་པ་ཤར་ཚུན། མི་དམངས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་བཅངས་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་བཀོད་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ལགས། ཁྱེད་རང་རྒྱུན་དུ་ཐུགས་བྲེལ་ཆེན་པོ་དེ་འདྲ་ཡིན་ནའང་ད་དུང་ང་ཚོར་གཟིགས་པར་ཕེབས་བྱུང་། སེམས་དབུས་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”གྲོང་མི་ཚོའི་བབ་ཆགས་པའི་སྐད་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛུམ་དམུལ་དམུལ་ངང“ངས་སྒྲུབ་དགོས་པ་ནི་བྱ་བ་དེ་དག་རེད། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’རེད”ཅེས་ལན་བཏབ།

    མི་དམངས་ལ་ཉེ་བཅར་དམ་ཟབ་བྱས་ནས་སྲིད་དོན་ལས་རྗེས་འཇོག་པ་དང་མི་དམངས་མང་ཚོགས་ཀྱི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་དགོས”ཞེས་ནན་བཤད་གནང་ཡོད།

    དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཚང་མར་ཕེབས་ནས་རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཏང་ཡོངས་ཀྱི་སྣེ་ཁྲིད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ལོ་ལྔ་ཡི་བར་བརྒལ་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་གཞི་རིམ་དུ་བརྟག་ཞིབ་གནང་བར་ཕེབས་ནས“དབུལ་སྒྲོལ་གྱི་ཐ་སྐྱོང་ནི་ངེས་པར་དུ་རི་ལྟར་བརྟན་ཞིང་བྲག་ལྟར་སྲ་བ་ཞིག་ཡིན་དགོས”ཞེས་ནན་བཤད་གནང་ཡོད། ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཕྱོགས་སུ་སྒྱུར་བའི་ལོ་དང་པོ་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅིས“རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱི་འདོམས་ལག་བསྟར་ནང་བཅུག་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོར་མི་འགྱུར་བར་བྱེད་པའི་མཐའ་ཚད་བརྟན་པོར་སྲུང་དགོས་པའི”བླང་བྱ་བཏོན་གནང་ཡོད།

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བྱ་གཞག་ཡིན་པས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་པ་དང་མི་དམངས་ཁྲོད་གནས་པའི་རྫོགས་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཚེ་གཞི་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ” རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་། མི་དམངས་ལ་བརྟེན་པ་དང་། དེང་རབས་ཅན་ཁ་ཕྱོགས་ཀྱི་མི་དམངས་ཀྱི་རང་བཞིན་འབུར་དུ་ཐོན་པ་བཅས་བྱུང་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་གསོན་ཤུགས་སྔར་བྱུང་མྱོང་མེད་པར་འཕེལ་ཡོད།

    ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་སྲིད་དོན་ལས་རྗེས་ལ་ཞིབ་དཔྱད་བྱ་རྒྱུ་དང་ལེན་བྱས་ནས་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཧུར་ཐག་འབུལ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མང་ཚོགས་ཀྱི་བསྔགས་བརྗོད་ནི་གདེང་འཇོག་ཡག་ཤོས་ཡིན”ཞེས་དང“ལས་བྱེད་པའི་ལས་རྗེས་བཟང་ངན་བསྡུར་བ་བྱེད་པའི་འགག་རྩ་ནི་མི་སེར་གྱི་བསྔགས་བརྗོད་ཐོབ་མིན་ལ་ཐུག་ཡོད”ཅེས་ནན་བཤད་ཐེངས་མང་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅའོ་ཡུས་ལུའུ་དང་ཀུའུ་ཝུན་ཁྲང་གཉིས་ཀྱི་སྐོར་རྟག་ཏུ་གླེང་ཞིང་། ཏང་གི་མངགས་བཅོལ་དང་མི་དམངས་ཀྱི་རེ་སྒུག་འཆང་བཞིན་ཅའོ་ཡུས་ལུའུ་ཡིས་ཧོ་ནན་ལན་ཁའོ་དང་། ཀུའུ་ཝུན་ཁྲང་གིས་ཧྥུའུ་ཅན་ཏུང་ཧྲན་དུ་བྱེ་རླུང་འགོག་པ་དང་ཤིང་འཛུགས་ནགས་བཟོ་བྱེད་པའི་ཐད་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ཡོད། ད་ལྟའི་བར་ལན་ཁའོ་བས“ལྗོན་ཤིང་ཕའོ་ཐུང་མཐོང་དུས་ཅའོ་ཡུས་ལུའུ་དྲན་གྱི་ཡོད” ཏུང་ཧྲན་བས“སྔོན་ལ་ཀུའུ་ཝུན་ཁྲང་ལ་མཆོད་འབུལ་བྱེད་པ་དང་རྗེས་སུ་མེས་པོར་མཆོད་འབུལ་བྱེད་ཀྱི་ཡོད”

    ཟླ་1ཚེས་20ཉིན། ཞིང་ཆེན་དང་པུའུ་རིམ་པའི་འཛིན་གྲྭའི“ལོ་གསར་པའི་སློབ་ཚན་དང་པོར”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཏོང་ཡོང་གི་རྩིས་ཡག་པོ་བརྒྱབ་ནས་འཚམ་མཐུན་ཡོང་ཚད་མཐོ་རུ་གཏོང་དགོས”ཞེས་ཚང་མར་དྲན་སྐུལ་གནང་ཡོད། འོས་འཚམ་གྱི་ཚད་གཞི་ནི་དཔལ་འབྱོར་ཆོས་ཉིད་ཁྲོད་ཀྱི་མཐོང་ཟུར་ཞིག་ཡིན་ལ“སྲིད་དོན་ལས་རྗེས་གང་འདྲ་ཞིག་འཛུགས་པའི”ཚད་གཞི་ཞིག་ཀྱང་ཡིན། ཐབས་ཇུས་ཚན་རིག་དང་མཐུན་ལ་གནད་སྨིན་དང་། དོན་དངོས་དང་ཁ་མི་འབྲལ་བ། དུས་མཚམས་ལས་མ་བརྒལ་བ་བཅས་བྱུང་ཚེ་གཞི་ནས་མི་དམངས་ལ་བདེ་སྐྱིད་དངོས་འབྲེལ་བསྐྲུན་ཐུབ་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་ཐུབ།

    ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། 2020ལོའི་ཟླ་10པར་ཀོང་ཏུང་ཁྲའོ་ཀྲོའུ་དང་ཀོང་ཅིས་ལུའོ་ཧྲང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་ཚང་མར་དུས་རབས་དེའི་བྱ་བ་སྒྲུབ་དགོས། བྱ་བ་ཡག་སྡུག་དང་བྱས་རྗེས་ཆེ་ཆུང་ལོ་རྒྱུས་ཀྱི་དེབ་ཐེར་དུ་གསལ་ངེས་རེད”ཅེས་གོ་དོན་ཟབ་མོ་ལྡན་པའི་ངང་གསུངས་ཡོད།

    ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་སྣུར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་སྐབས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་མོས“‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་བཙུགས་ཟིན་པ་དང་རིམ་ཁག་འགོ་ཁྲིད་ཚན་པའི་སེམས་རྩ་འཁོལ་བ་དང་ངར་ཤུགས་ཀྱིས་ཁེངས་པ་དེ་ཡག་པོ་ཞིག་རེད། འགག་རྩ་ནི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ངེས་པར་དུ་ཡང་དག་པ་ཞིག་དགོས”ཞེས་གསུངས་པ་རེད།

    “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འགོད་པ། དམ་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།