དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་སྣུམ་ཞིང་ཁའེ་ཁྲེ་འོད་ཤུགས་གློག་ཁང་ནས་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-03-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་3ཚེས་16ཉིན། ཀྲུང་གོ་རྡོ་སྣུམ་གྱི་ཆན་ཝ་ཁྲི་བརྒྱ་ཡི་གཅིག་སྡུད་རྣམ་པའི་དྲ་སྦྲེལ་གློག་འདོན་རྣམ་གྲངས་ཐོག་མ་ནས་གཏམ་བཟང་གྲགས་འོང་བ་སྟེ། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཀུང་སིར་ཡོད་པའི་ཁའེ་ཁྲེ་ཆན་ཝ་ཁྲི་100ཟིན་པའི་འོད་ཤུགས་གློག་ཁང་སྤྱོད་འགོ་ཚུགས་ཚུན། གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་10ཡི་འགག་སྒོ་ཆེན་པོ་ལས་གྲུབ་འབྲས་ཐོབ་པའི་ངང་བརྒལ་བ་དང་། དེ་ཐོག་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྣུམ་རླངས་ཞིང་ལྗང་མདོག་ཕྱོགས་སྒྱུར་ཁྲོད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་གྱི་ཡོད།

    གོར་མོའི་འབར་འཕྲུལ་གློག་ཁང་བསྐྱར་འཛུགས་དང་དེ་བཞིན་ལྷན་སྦྱར་གྱི་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཁའེ་ཁྲེ་འོད་ཤུགས་གློག་ཁང་གི་སྒྲིག་སྦྱོར་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་ཆན་ཝ་ཁྲི་100ཟིན་པ་དང་། 2024ལོའི་ཟླ་11ཚེས་30ཉིན་དངོས་སུ་སྤྱོད་འགོ་ཚུགས་ཡོད། ད་ཐེངས་ཀྱི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལྷག་ཙམ་ཟིན་པ་དེ་ལས་རྣམ་གྲངས་ཀྱི་དུས་འགོའི་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པ་མ་ཟད། གློག་ཁང་ལས་གཉེར་བྱེད་འགོ་ཚུགས་རྗེས་ཀྱི་བཀོལ་སྤྱོད་བདག་སྐྱོང་དང་དོ་དམ་ནུས་པར་ཡང་ཞིབ་དཔྱད་གང་ལེགས་བྱས་ཡོད།

    མིག་སྔར་སྣུམ་ཞིང་དེར་འཁོར་སྐྱོད་དང་། ཞིབ་བཤེར་ཉམས་བཟོ། བཀོད་གཏོང་བཅས་ལ་ཁྱབ་པའི་རང་བརྟེན་བཀོལ་སྤྱོད་བདག་སྐྱོང་མ་ལག་བཙུགས་པ་མ་ཟད། ཆེད་ལས་ཀྱི་རང་ཚུགས་འཁོར་སྐྱོད་ཚོགས་པ་ཞིག་ཀྱང་སྦྱོང་བརྡར་བྱས་ཡོད། གྲངས་གཞི་ལས་མངོན་པར། 2025ལོའི་ཚུན་གློག་ཁང་གིས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8ཟིན་ཡོད་པ་རེད།

    ཆུ་ཚོད་ཆན་ཝ་དུང་ཕྱུར་10ཟིན་པའི“ལྗང་གློག”དེ་ནི་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀྱི་གྲུབ་འབྲས་ཤིག་ཡིན་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གློག་ཁང་དེའི་ནུས་རྒྱུ་གཙང་མས་ཚད་ལྡན་རྡོ་སོལ་ཏུན་ཁྲི་30ཡི་ཚབ་བྱེད་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་79.8ཉུང་དུ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་གློག་ཁང་ལ་རིམ་རྩིས་བརྒྱབ་ན་ལྗང་མདོག་གློག་ཤུགས་ལག་ཁྱེར་ཁྲི་36ཐོབ་པ་དང་ཉོ་ཚོང་ཁྲི་23ལྷག་ཙམ་ལེགས་གྲུབ་བྱུང་ཞིང་། ནུས་རྒྱུ་གཙང་མ་དེ་རྨང་གཞིའི་འདྲེན་སྤྱོད་ནས་རིན་ཐང་འཕར་ཏེ་ཕན་འབྲས་གཏོད་རྒྱུར་སྐུལ་འདེད་བཏང་ནས་ས་མཐོའི་སྣུམ་ཞིང་གི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།