ཅང་ཤིས་དབན་ཙའེ་རུ།
ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཐོན་སྐྱེད་ལས་ལ་བྲེལ་བཞིན་ཡོད་པ།

2026ལོ་ཚུན་དུ། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབན་ཙའེ་རྫོང་གི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་མངགས་ཐོ་ཐོན་སྐྱེད་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད་པ་རེད། ད་ཕན་ལོ་ཤས་རིང་། དབན་ཙའེ་རྫོང་གིས་གསར་གཏོད་བྱེད་པོ་སྐྱེད་སྲིང་བྱེད་པའི་ལས་དོན་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། ཞབས་ཞུ་ལེགས་གཏོང་། ཤེས་ལྡན་པ་གདན་འདྲེན་དང་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་དངོས་ལ་བརྟེན་ནས། ཁེ་ལས་ལ་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། ཐོན་རྫས་གསར་པ་བཅས་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཕྱི་རྒྱལ་ཁྲོམ་རར་ཞུགས་པ་དང་། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་བརྟན་ཁྲོད་སྤུས་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་རམ་འདེགས་ཧུར་ཐག་བྱེད་བཞིན་ཡོད་པ་རེད།
འདི་ནི་ཉེ་ཆར་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབན་ཙའེ་རྫོང་ཏི་ཡ་ལྕགས་རིགས་སྣ་ལྔ་ཚད་ཡོད་ཀུང་སིའི་ལས་དོན་པས་ཐོན་སྐྱེད་འཁོར་ཁང་དུ་ཕྱི་རྒྱལ་གྱི་ཁྲོམ་རར་གཏོང་བའི་དྲི་ཞིམ་ཆུ་སོགས་ཀྱི་ཐོན་རྫས་བཟོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།